དེ་རིང་ནི2025ལོའི་ཟླ06པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅོག་རྩིའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-12-03 08:43:25   |   731

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

ཅོག་རྩི།

ཅོག་ལ་ཞོ་གསུམ།  ཅོང་ཞི་སྲང་དོ།  རྩ་ཨ་ཝ་སྲང་གང་།  སྟབ་སེང་སྲང་གང་།  ཨ་རུ་སྲང་གང་ཞོ་ལྔ།  རུ་རྟ་ཞོ་བརྒྱད། ཤུ་དག་ཞོ་ལྔ།  གུལ་ནག་ཞོ་གསུམ།  སྨན་ཆེན་ཞོ་བཞི།  གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ། 

ཕན་ནུས། 

ཅོག་བཞི་རྩི་བསྣན་བཟི་འབྲིང་བསིལ་དྲོད་སྙོམས།  བརྡབ་ལྷུང་རྐྱེན་གྱིས་རུས་ཁོག་ཆག་ཤིང་གས།  གས་པ་སྦྱོར་ཞིང་ཆག་པ་རུས་མཐུད་སྒྲིག  རུས་ནད་གསོ་ཞིང་ཆུ་སེར་སྐེམ་པ་དང་།  གཉན་སྐྲངས་རྨ་དང་ན་ཟུག་བཅས་ལ་ཕན།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།
Loading...