དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཅིན་སྙི་ཟ་ཁུའི་ནད་པར་རུས་ཚིགས་ཀྱི་ནད་འབྱུང་སླ།

2024-12-03 10:00:52   |   716

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


1.JPEG

གཅིན་སྙི་ཟ་ཁུའི་ནད་ཀྱི་སྨན་བཅོས་ལག་རྩལ་གོང་འཕེལ་སོང་བ་དང་བསྟུན་ནས། གཅིན་སྙི་ཟ་ཁུའི་བསྡོངས་ནད་སྣ་ཚོགས་ལ་རྐྱེན་བྱས་ཏེ་ཤི་བའི་ཚད་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བཞིན་ཡོད། ཡིན་ནའང་། ནད་པའི་འཚོ་གནས་དུས་ཚོད་ཇེ་རིང་དུ་སོང་བ་དང་འཚོ་བའི་སྤུས་ཚད་ཇེ་བཟང་དུ་གྱུར་པ་དང་བསྟུན་ནས། ནད་པར་ཤ་གནད་དང་རུས་པའི་ནད་བྱུང་ཚད་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ལ། ཐ་ན་རུས་པ་དང་ཤ་གནད་ཀྱི་ནད་ལ་རྐྱེན་བྱས་ཏེ་དབང་པོ་སྐྱོན་ཅན་དུ་འགྱུར་བའང་མི་ཉུང་བ་ཞིག་ཡོད།

གཅིན་སྙི་ཟ་ཁུའི་ནད་པར་རུས་པའི་ནད་འབྱུང་བའི་རྒྱུ་རྐྱེན་ད་ལྟའི་བར་གསལ་རྟོགས་བྱུང་མེད་དེ། གཅིན་སྙི་ཟ་ཁུ་རང་སྟེང་ནས་བསྐྱེད་པའི་ལུས་པོའི་རྙིང་ཚབ་གསར་བྱེད་འཁྲུགས་པ་ལས་གཞན། ན་ཚོད་དང་ཕོ་མོ། བཟའ་བཏུང་། གོམས་གཤིས། ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་དང་འབྲེལ་བ་ཡོད་ངེས། ནད་ཐོག་ལག་ལེན་དུ་རྒྱུན་པར་མཐོང་བའི་གཅིན་སྙི་ཟ་ཁུའི་ཁྲག་རྩའི་ནད་དང་མཐའ་འཁོར་དབང་རྩའི་ནད་འགྱུར་གྱིས་རུས་ཚིགས་ཀྱི་ཕྲུམ་རུས་དང་སོབ་རུས། པགས་རྫས་རུས་པ། ཚིགས་སྐྱི། རྒྱུས་པ།  ཚིགས་སྣོད་སོགས་ཕུང་གྲུབ་མཉེན་མོའི་རིགས་ལ་ཚད་མི་འདྲ་བའི་གནོད་སྐྱོན་བཟོ་ངེས། 

ནད་ཐོག་ལག་ལེན་ཁྲོད་རུས་ཚིགས་ནད་ཀྱི་ནད་རྟགས་ནི་སྔ་མོ་ནས་ཤེས་སླ་བ་ཞིག་མིན་པས། གལ་ཏེ་རྒྱུན་པར་ཟས་མང་པོ་བཟའ་དགོས་པ་དང་ཆུ་མང་པོ་བཏུང་དགོས་པ། ལུས་པོའི་ལྗིད་ཚད་མར་ཆག་པ། ལྷག་པར་དུ་ལུས་པོ་ཐང་ཆད་ཅིང་ཤུགས་ཟད་པ་ཅུང་མངོན་གསལ་ཡིན་ཚེ། རུས་ཚིགས་ཀྱི་ནད་བྱུང་བ་ཡིན་སྲིད་ལ། དེའི་འཕྲོར་རྐེད་པ་དང་སྒལ་བ་ན་ཞིང་། ཕྲག་པ་དང་གྲུ་མོ། དཔྱི་རུས། པུས་མོ། རྐང་ལག་སོགས་ལུས་ཡོངས་སུ་ནད་རྟགས་མངོན་སྲིད་པས། དྲེག་གྲུམ་རིགས་ལ་ནོར་ཉེན་ཆེ། རྒྱུན་པར་གནོད་སྐྱོན་ཐེབས་ས་ནི་དཔྱི་ཚིགས་དང་པུས་ཚིགས། དཔུང་ཚིགས་བཅས་ཡིན། 

རུས་ཚིགས་ཀྱི་ནད་ངོས་འཛིན་པར་གཙོ་བོXཐིག་དངCTརྡུལ་སྡུད་ལྷན་འགུལ་གྲུབ་བརྙན་སོགས་ཀྱི་བརྟག་དཔྱད་བྱས་ཆོག་ལ། རབ་ཡིན་ན་རུས་པའི་ཚགས་དམ་ཚད་ལའང་བརྟག་དཔྱད་བྱས་ན་བཟང་། 

གཅིན་སྙི་ཟ་ཁུའི་ནད་པའི་རུས་ཚིགས་ནད་ལ་གསོ་བཅོས་བྱེད་པའི་གོ་རིམ་ཁྲོད། སྔོན་ལ་ངེས་པར་དུ་གཅིན་སྙི་ཟ་ཁུའི་ནད་ལ་ཚོད་འཛིན་ལེགས་པོ་བྱ་དགོས་ཤིང་། དེ་ནས་རུས་ཚིགས་ནད་ལ་ཁ་གཏད་དེ་སྨན་བཅོས་བྱ་དགོས། རུས་ཚིགས་ནད་ལ་གསོ་བཅོས་བྱེད་པར་གཙོ་བོ་ན་ཟུག་འཇོམས་པའི་སྨན་དེ་ཙན་གཟུགས་མ་ཡིན་པའི་ཚད་འགོག་སྨན་ལྟ་བུ་སྤྱོད་པ་དང་། ཤ་གནད་དང་རྒྱུས་པའི་སྦྱོང་བརྡར་སོགས་དངོས་ལུགས་གསོ་བཅོས་བྱེད་ཐབས་བསྟེན་འོས། 

གསལ་འདེབས་བྱ་དགོས་པ་ཞིག་ལ། གཅིན་སྙི་ཟ་ཁུའི་ནད་པའི་རུས་ཚིགས་ནད་ཀྱི་སྦྱོང་བརྡར་ནི་དངོས་ལུགས་གསོ་བཅོས་སྨན་པའི་མཛུབ་སྟོན་འོག་བྱེད་འོས་པར་མ་ཟད། ཚིགས་ལ་སྲུང་སྐྱོབ་ཐུབ་པའི་ཆ་རྐྱེན་འོག་འགུལ་སྐྱོད་བྱ་དགོས། དེ་ལས་གཞན་ཉི་མར་ལྡེ་བའི་དུས་ཚོད་ཇེ་རིང་ལ་བཏང་སྟེ་ཁྲག་ནང་དུ་འཚོ་བཅུད་རྫསDགྲུབ་ཏུ་འཇུག་དགོས། 


མཉམ་སྤྱོད།