དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅུ་གང་བཞི་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-12-04 10:04:32   |   540

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

ཅུ་གང་བཞི་པ།

ཅུ་གང་སྲང་དོ་གང་ཞོ་ལྔ།  གུར་གུམ་སྲང་གང་ཞོ་ལྔ།  ཨ་རུ་སྲང་དོ།  གི་ཝང་སྐར་གཅིག  ཁ་ཚར་ཤིང་མངར་ཕྱི་ལྤགས་ཞོ་བདུན་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།  

ཅུ་གང་བཞི་པ་བཟི་མེད་ནུས་པ་བསིལ།  བྱིས་པའི་རིམས་ཚད་གློ་མཆིན་ཚད་པ་དང་།  ཆམ་ཚད་གློ་དང་ཚད་མཇུག་བཅས་ལ་ཕན།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།