རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།
ཅོང་ཞི་དྲུག་པ།
ཅོང་ཞི་སྲང་དོ། སེ་འབྲུ་སྲང་གང་ཞོ་ལྔ། སུག་སྨེལ་ཞོ་བཞི། གུར་གུམ་སྲང་གང་ཞོ་ལྔ། པི་ལིང་ཞོ་བཞི། རུ་རྟ་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།
ཕན་ནུས།
ཅོང་ཞི་དྲུག་པ་བཟི་མེད་ཅུང་ཟད་དྲོད། དྭངས་མ་མ་ཞུ་མཆིན་པར་ཁྲག་ངན་རྒྱས། དེ་དག་ཕོར་ལྷུང་བད་ཀན་དང་འདྲེས་པས། ཕོ་མཆིན་མི་བདེ་བྲང་ཚ་ཆུ་སྐྱུར་དང་། ཡང་ན་ཆུ་དམར་སྐྱུགས་ཤིང་སྒྲེགས་པ་འབྱིན། དང་ག་མི་བདེ་ཁ་རུ་ཉ་དྲི་བྲོ། ཁྱད་པར་སྨུག་པོ་ཐོག་མའི་སྨན་ཞིག་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།