དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྕགས་ཕྱེ་བདུན་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-12-06 08:47:42   |   757

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

ལྕགས་ཕྱེ་བདུན་པ། 

ལྕགས་རྩི་སྲང་གང་ཞོ་ལྔ།   ཅོང་ཞི་མཛོ་འོ་སྲང་གསུམ།   གུར་གུམ་སྲང་གང་ཞོ་ལྔ།   པྲིང་ཀུ་སྲང་གང་ཞོ་ལྔ།   མ་ནུ་སྲང་གང་ཞོ་ལྔ།   རུ་རྟ་སྲང་གང་།   བྲག་ཁཎ་ཞོ་བརྒྱད། (སྨན་སྒྲུབ་ཁ་ཚར་གཏོང་དགོས)བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ལྕགས་ཕྱེ་བདུན་པ་བཟི་མེད་ཅུང་ཟད་བསིལ།   མཆིན་ནད་དུག་ཐབས་མིག་དམར་མཆིན་སྟེང་གཟེར།   ཕོ་མཆིན་གང་སྙམ་འཇུ་དཀའ་ཟོས་ཚེ་ན།   བྲང་ཚ་ཆུ་སྐྱུགས་བཙོག་པ་སྐམ་པ་དང་།   རྐང་བོལ་གདོང་སྐྲངས་ཕོ་མཆིན་ལྟོགས་ནས་ན།   ཡང་ན་ཤ་སྐམ་པགས་མདོག་སེར་ནག་ཆགས།   མིག་མི་གསལ་དང་ལུས་ཟུངས་གསོ་བར་བྱེད།   ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།