དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཅོང་ཞི་བཅུ་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-12-09 08:51:35   |   139

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

ཅོང་ཞི་བཅུ་གཅིག  

ཅོང་ཞི་སྲང་དོ།  ཨ་རུ་སྲང་གང་ཞོ་ལྔ།  ཤིང་ཚྭ་ཞོ་བརྒྱད།  སུག་སྨེལ་ཞོ་བཞི།  སེ་འབྲུ་སྲང་གང་ཞོ་གསུམ།  པི་ལིང་ཞོ་བཞི།  ཕོ་རིལ་ནག་པོ་ཞོ་བཞི།  རྒྱམ་ཚྭ་ཞོ་གསུམ།  སྒ་སྐྱ་ཞོ་དྲུག  རུ་རྟ་ཞོ་བརྒྱད།  གུར་གུམ་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།  

ཕན་ནུས།

ཅོང་ཞི་བཅུ་གཅིག་བཟི་མེད་དྲོད་འབྲིང་འདི།  གྲང་ཤས་ཆེ་བའི་སྨུག་པོའི་ནད་དག་གིས།  ཟས་སྐོམ་མི་འཇུ་སྐྱུགས་དང་འཁྲུ་བ་དང་།  ཕོ་བ་སྦོས་ཤིང་ལུས་དྲོད་ཤེད་སྟོབས་ཉམས།  སྐབས་སུ་ཁོང་ཚ་སྒྲེགས་དང་ཆུ་སྐྱུར་སྐྱུགས།  གཞན་ཡང་མ་ཞུ་ལྷེན་སྐྲན་ལྕགས་དྲེག་དང་།  སྨུག་པོའི་སྐྲན་དང་དུག་ནད་རྩ་བྱེར་སོགས།  མེ་ཉམས་མ་ཞུའི་ནད་རིགས་ཀུན་ལ་ཕན།  ལུས་དྲོད་སྐྱེད་ཅིང་སྟོབས་མདངས་འཕེལ་བར་བྱེད།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།