དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བཅོ་ལྔ་དྲག་སྦྱོར་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-12-10 10:37:56   |   561

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

བཅོ་ལྔ་དྲག་སྦྱོར།(དྭགས་པོའི་སྨན་ནག)

ཅོང་ཞི(ཅོང་ཞི་དང་ལན་ཚྭ་ཆ་མཉམ་བརྔོས་པ)སྲང་གསུམ།  བ་ལུའི་ལོ་མ་དང་དབྱི་མོང་དཀར་པོ་ཆ་མཉམ་ནུས་བསྲེག་སྲང་གསུམ།  ཛཱ་ཏི་ཞོ་གསུམ།  འུ་སུ་སྲང་གང་།  ཟེ་ཚྭ་ཞོ་བཞི།  རྒྱ་ཚྭ་ཞོ་བཞི།  རྒྱམ་ཚྭ་ཞོ་བཞི།  ཁ་རུ་ཚྭ་ཞོ་བཞི།  བོང་དཀར་སྲང་གང་།  མ་ནུ་སྲང་གང་།  པི་ལིང་ཞོ་ལྔ།  ཕོ་རིལ་ནག་པོ་ཞོ་དྲུག  སྒ་སྐྱ་ཞོ་བརྒྱད།  སྦྲང་རྩི་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ། 

ཕན་ནུས། 

བཅོ་ལྔ་དྲག་སྦྱོར་བཟི་མེད་དྲོད་འབྲིང་རྣོ།  ཕོ་བའི་དྲོད་ཉམས་མ་ཞུ་བེ་སྣབས་འཕེལ།  དོན་སྐྲན་ལྕགས་དྲེག་ཕོ་ལོག་དུག་ཐབས་དང་།  བད་ཀན་མགུལ་འགག་མཆིན་ནད་ལ་སོགས་པ།  ཕོ་བ་སྟོང་འཁྲོག་བྱེད་དང་སྒྲེགས་པ་མང་།  ཁ་ཟས་མི་འཇུ་རྒྱུ་ནད་རྟག་ཏུ་འཁྲུ།  རྒྱུ་གཟེར་གླང་ཐབས་ལྡང་ཞིང་སྲིན་འབུ་སྒོང་།  མཆིན་པ་རྒྱས་ཤིང་ཆུ་སྔོན་སྐྱུགས་པ་དང་།  སྨུག་པོའི་ནད་ཀྱིས་ཁྲག་ངན་སྐྱུགས་པ་སོགས།  ཁྱད་པར་ཕོ་ལོང་རྒྱུ་མའི་གཅོང་ནད་ལ།  རྣོན་པོ་སྤུ་གྲིས་གཅོད་དང་མཚུངས་པ་ཡིན།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།