རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།
ཅུ་གང་ཉེར་ལྔ།
ཅུ་གང་སྲང་དོ། གུར་གུམ་སྲང་གང་། ལི་ཤི་ཞོ་བཞི། ཛཱ་ཏི་ཞོ་བཞི། སུག་སྨེལ་ཞོ་གསུམ། ཀོ་ལ་ཞོ་གསུམ། ཤིང་མངར་སྲང་གང་། རྒུན་དཀར་ཞོ་ལྔ། བ་ལེ་ཀ་ཞོ་བརྒྱད། ཙན་དཀར་ཞོ་ལྔ། ཙན་དམར་ཞོ་བརྒྱད། ཨ་རུ་སྲང་གང་ཞོ་ལྔ། བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་གང་། ཟི་དཀར་ཞོ་ལྔ། རུ་རྟ་ཞོ་བརྒྱད། སྲོ་ལོ་ལོ་དཀར་པོ་སྲང་གང་། ག་དུར་ཞོ་བརྒྱད། ཧོང་ལེན་ཞོ་བརྒྱད། ཨ་ཀྲོང་སྲང་གང་། པ་ཡག་རྩ་བ་སྲང་གང་ཞོ་ལྔ། སྟར་ཁཎ་ཞོ་ལྔ། ཨུག་ཆོས་དམར་པོ་ཞོ་བརྒྱད། ཚར་བོང་རྩ་བ་ཞོ་ལྔ། གི་ཝང་སྐར་ཕྱེད་གཉིས་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།
ཕན་ནུས།
ཅུ་གང་ཉེར་ལྔ་བཟི་མེད་བསིལ་ཆུང་འདིས། ཆམ་རིམས་ཚད་མཇུག་གློ་བར་བབས་པ་ཡིས། གློ་མང་ལུད་པ་དམར་སེར་སོང་བ་དང་། སྐད་འཛེར་གྱེན་དུ་མི་ཕེར་གློ་བརྒྱལ་ལངས། མཇུག་ཏུ་གློ་བར་རྨ་དོན་ཚ་རྩེག་བྱེད། རྔུལ་མང་ལུས་ལྕི་ཤ་སྐམ་དབུགས་བསགས་སོགས། ཁྱད་པར་གློ་ཚད་གློ་བའི་ནད་རྙིང་སེལ། སྨན་རྟ་ཚོས་གསུམ་བ་འོར་བསྐོལ་བྱས་གཏོང་། གློ་བ་གསོ་ཞིང་ལུས་ཟུངས་སྐྱེད་པར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།