དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཆམ་ཚད་བདུན་ཐང་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-12-19 14:29:43   |   49

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཆམ་ཚད་བདུན་ཐང་།(ནོར་བུ་བདུན་ཐང་།)

མ་ནུ་སྲང་དོ་ཞོ་ལྔ།  ཀཎྜ་ཀ་རི་སྲང་དྲུག  སླེ་ཏྲེས་སྲང་བཞི། སྒ་སྐྱ་སྲང་གང་།  ཨ་རུ་སྲང་གསུམ་ཞོ་ལྔ།  སྐྱུ་རུ་སྲང་གསུམ།  བ་རུ་སྲང་དོ་བཅས་གཙང་བཟོས་ཧྲོབ་བརྡུང་རིལ་བུ་བསྒྲིལ་རྒྱུ།

ཕན་ནུས། 

ཆམ་ཚད་བདུན་ཐང་བསིལ་བས་ཐང་བསྐོལ་ན།  ཆམ་པ་རིམས་ཚད་རླུང་ཁྲག་འཁྲུགས་གསུམ་དང་།  ནད་རྣམས་རང་བཞིན་དྭངས་པར་གྱུར་པ་ཡིན།  ཚ་བ་མ་སྨིན་སྨིན་ཞིང་བྱེར་བ་སྡུད། བད་ཀན་སྐྱ་སྨུག་སྟོད་ཁྲག་གཟེར་སོགས་སེལ།  ཐང་འདི་བསྐོལ་བའི་རླངས་པ་སྣར་རྔུབས་ན།  སྣ་ཆམ་སྣ་ཆུ་འཛག་ལ་ཕན་པ་ཡིན།  


མཉམ་སྤྱོད།