དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཉ་ཕྱིས་བཅུ་གསུམ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-12-26 16:17:52   |   628

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉ་ཕྱིས་བཅུ་གསུམ།(ས་རྭའི་ཤེས་བརྩོན།) 

ཉ་ཕྱིས་ཞོ་ལྔ། ཨ་རུ་སྲང་དོ། རུ་རྟ་སྲང་གང་། ཨར་ནག་དང་གོ་སྙོད་གཉིས་སྲང་གང་། ལི་ཤི་ཞོ་བཞི། ཛཱ་ཏི་ཞོ་གསུམ་སྐར་ལྔ། བྱུ་རུ་ཞོ་བརྒྱད། སིབ་ངྷུ་ར་ཞོ་ལྔ། རྡོ་ཁབ་ལེན་ཞོ་ལྔ། ཤིང་མངར་ཁཎྜ་ཞོ་བརྒྱད། སྨན་ཆེན་ཞོ་ལྔ། ཤུ་དག་སྲང་གང་ཞོ་གསུམ། གླ་རྩི་ལི་བརྒྱད་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།  

ཉ་ཕྱིས་བཅུ་གསུམ་བསིལ་ལ་བཟི་ཅུང་ཡོད། ཁྲག་རྩ་རྒྱུ་བ་འགག་ནས་རྐང་ལག་སྦྲིད། རྩ་དཀར་དང་ནི་ཆུ་སེར་མཛེ་ནད་དང་། ཁྱད་པར་རྩ་གྲིབ་ནད་དང་གྲུམ་བུར་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།