དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཉ་ཕྱིས་སོ་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-12-27 11:04:26   |   660

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉ་ཕྱིས་སོ་གཅིག(བསམ་འཕེལ་ནོར་བུ།)

ཉ་ཕྱིས་ཞོ་བརྒྱད། ཅུ་གང་སྲང་གང་། གུར་གུམ་སྲང་གང་། ལི་ཤི་ཞོ་བཞི། ཛཱ་ཏི་ཞོ་བཞི། སུག་སྨེལ་ཞོ་བཞི། ཀོ་ལ་ཞོ་གསུམ། ཙན་དཀར་ཞོ་བརྒྱད། ཙན་དམར་སྲང་གསུམ་ཞོ་ལྔ། ཨ་གར་གཉིས་སྲང་གང་། ཨ་རུ་སྲང་གང་ཞོ་ལྔ། བ་རུ་སྲང་གང་། སྐྱུ་རུ་སྲང་གང་ཞོ་གསུམ། ཟི་དཀར་ཞོ་བཞི། ཟི་ནག་ཞོ་བཞི།  པི་ལིང་ཞོ་ལྔ། སྒ་དམར་ཞོ་བརྒྱད། ཤིང་ཚྭ་ཞོ་ལྔ། སྤོས་དཀར་ཞོ་དྲུག ཐལ་རྡོར་ཞོ་དྲུག སོ་ར་ཞོ་ལྔ། མ་ནུ་ཞོ་བདུན། རུ་རྟ་ཞོ་བརྒྱད། ཤིང་མངར་ཁཎྜ་ཞོ་བཞི་སྐར་ལྔ།(ཡང་ན་ཤིང་མངར་སྲང་གང་།)གསེར་བྱེ་ཞོ་གསུམ། སྡིག་སྲིན་ཞོ་ལྔ།འབྲི་ཏ་ས་འཛིན་སྲང་གང་ཞོ་གསུམ། ཤ་རུ་ཞོ་བཞི། གི་ཝང་སྐར་ཕྱེད་གཉིས། གླ་རྩི་སྐར་གཅིག་ཞོ་བཞི་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཉ་ཕྱིས་སོ་གཅིག་བཟི་མེད་ཅུང་ཟད་བསིལ། ཚ་བ་འགྲམས་འཁྲུགས་ཆུ་སེར་རྩར་བབས་སམ། བརྡབ་རྨས་རྐྱེན་གྱིས་ཆུ་རྒྱུས་བཙིར་དང་འཆུས། གྲིབ་སྐྱོན་ཕོག་པ་སོགས་ཀྱི་རྐྱེན་རིགས་ཀྱིས། ཆུ་རྒྱུས་རེངས་འཁུམས་སྦྲིད་དང་ཚོར་བ་བྲལ། ཁ་མིག་སྐྱོག་དང་མགོ་འདར་རྐང་ལག་ཞ། ཡང་ན་བརྐྱང་བསྐུམ་དགྱེ་དགུ་སྐེ་བསྒྱུར་དཀའ། བཅོས་དཀའ་རྩ་ཡི་ནད་དང་སུར་ཡ་སོགས། རྩ་དཀར་ནད་རིགས་ཀུན་གྱི་སྨན་ཞིག་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།