དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཉ་རྩི་སོ་དྲུག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-12-30 09:02:53   |   691

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉ་རྩི་སོ་དྲུག(བསམ་ཁྱུང་།)

ཉ་ཕྱིས་སྲང་གང་། ཅུ་གང་སྲང་གང་། གུར་གུམ་སྲང་གང་ཞོ་གསུམ། ལི་ཤི་ཞོ་བཞི། ཛཱ་ཏི་ཞོ་བཞི། སུག་སྨེལ་ཞོ་བཞི། ཀོ་ལ་ཞོ་གསུམ་སྐར་ལྔ། ཙན་དཀར་སྲང་གང་། ཙན་དམར་སྲང་ལྔ། ཨ་གར་གཉིས་སྲང་གང་། ཨ་རུ་སྲང་དོ་ཞོ་ལྔ། བ་རུ་སྲང་གང་། སྐྱུ་རུ་སྲང་གང་ཞོ་ལྔ། ཟི་ར་དཀར་པོ་ཞོ་ལྔ། ཟི་ནག་ཞོ་ལྔ། པི་ལིང་ཞོ་ལྔ། ཤིང་ཚྭ་ཞོ་ལྔ། སྒ་དམར་ཞོ་བརྒྱད། སྤོས་དཀར་ཞོ་བརྒྱད། ཐལ་རྡོར་ཞོ་བརྒྱད། སོ་ར་ཞོ་བརྒྱད། མ་ནུ་སྲང་གང་། རུ་རྟ་སྲང་གང་ཞོ་བརྒྱད། ཤིང་མངར་ཁཎྜ་ཞོ་ལྔ། འབྲི་ཏ་ས་འཛིན་སྲང་གང་ཞོ་གསུམ། གསེར་བྱེ་ཞོ་བཞི། སྡིག་སྲིན་ཞོ་ལྔ། ཤ་རུ་ཞོ་ལྔ། ཤུ་དག་སྲང་གང་ཞོ་དོ། གུལ་ནག་སྲང་གང་། སྨན་ཆེན་སྲང་གང་། གི་ཝང་སྐར་གཉིས། གླ་རྩི་སྐར་ཕྱེད་གསུམ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཉ་ཕྱིས་སོ་དྲུག་བསིལ་ལ་བཟི་ཅུང་ཡོད། ཁྲག་དྲོན་རྒྱུ་དཀའ་དྲན་ཉམས་ཁ་མིག་ཡོ། ཡན་ལག་ཞ་སྦྲིད་རེངས་འཁུམས་ཟ་ཕྲུག་བྱེད། དགྱེ་དགུ་མི་ཐུབ་ལུས་པོ་རེངས་པ་དང་། དཔྱི་རྐེད་ཡན་ལག་སྦིར་དང་ཚིགས་རྣམས་ན། སྐྲ་དང་སེན་མོ་བུད་ཅིང་སྣ་ཁྲག་འཛགས། གཅིན་སྲི་འཛག་གཅོད་མཁལ་གྲུམ་རྩ་དཀར་ནད།   མ་ལུས་སེལ་བར་སྨན་མཆོག་འདི་རང་ལེགས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།