དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏིག་ཏ་བརྒྱད་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-12-31 08:42:52   |   612

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཏིག་ཏ་བརྒྱད་པ། 

རྒྱ་ཏིག་སོགས་ཏིག་ཏ་སྲང་གང་ཞོ་ལྔ། གསེར་མེ་ཞོ་བཞི། བོང་དཀར་སྲང་གང་། རྩ་མཁྲིས་སྲང་གང་ཞོ་དོ། སྐྱེར་ཤུན་ཞོ་བརྒྱད། ཧོང་ལེན་སྲང་གང་། པར་པ་ཏ་སྲང་གང་། གཡའ་ཀྱི་ཞོ་ལྔ། རུ་རྟ་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཏིག་ཏ་བརྒྱད་པ་བཟི་མེད་ནུས་པ་བསིལ། མཁྲིས་པར་ཚ་བ་ཞུགས་ཏེ་ཚ་དྲོད་ཆེ། ཁ་ཁ་སྐོམ་དད་མགོ་དང་མིག་རུས་ན། ཞེན་ལོག་མིག་དང་ཤ་མདོག་སེར་བར་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།