དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏང་ཀུན་བརྒྱད་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-01-02 08:43:42   |   568

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཏང་ཀུན་བརྒྱད་པ།(འཆི་མེད་ཨར་བརྒྱད།)

ཏང་ཀུན་ལོ་འབྲས་སྲང་གང་ཞོ་ལྔ། གུར་གུམ་སྲང་གང་། སྤོས་དཀར་ཞོ་ལྔ། རུ་རྟ་སྲང་གང་། ཨ་རུ་སྲང་དོ། ཀོ་བྱིལ་ཞོ་ལྔ། ཨ་གར་གཉིས་སྲང་གང་ཞོ་ལྔ། ཚེར་སྔོན་སྲང་གང་ཞོ་གསུམ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཏང་ཀུན་བརྒྱད་པ་བཟི་མེད་ཅུང་ཟད་བསིལ། རླུང་ཁྲག་འཁྲུགས་པས་སྟོད་འཚངས་སྟོད་གཟེར་དང་། དབུགས་བཀག་རྒྱབ་མདུན་གཟེར་ཆེ་ཡན་ལག་རེངས། སྙིང་ཚད་སྙིང་གཡུག་སྙིང་ག་རྒྱས་པ་དང་། མཚན་མོར་དབུགས་རྔམ་ཁ་ལྕེ་གྲེ་བ་སྐམ། ཁྱད་པར་ཁྲག་རླུང་མཐོ་བའི་སྙིང་ནད་སེལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།