དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏིག་ཏ་བཅུ་གསུམ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-01-03 14:56:33   |   546

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཏིག་ཏ་བཅུ་གསུམ།(ཐོད་རུས་བཅུ་གསུམ།)

རྒྱ་ཏིག་སོགས་ཏིག་ཏ་སྲང་གང་ཞོ་ལྔ།  གུར་གུམ་སྲང་གང་།  བོང་དཀར་ཞོ་བརྒྱད།  གསེར་མེ་ཞོ་བཞི།འབྲུག་རུས་ཞོ་ལྔ།  སྔོ་སྒ་ཞོ་བརྒྱད།  གཡའ་ཀྱི་ཞོ་བརྒྱད།  ཚེར་སྔོན་ཞོ་དྲུག  ཐང་ཕྲོམ་དཀར་པོ་ཞོ་བཞི། རྡོ་དྲེག་ཞོ་དོ།  སྨན་ཆེན་རྩ་ལོ་འདྲེས་མ་ཞོ་ལྔ།  གངས་ཐིགས་ཞོ་བཞི།  དོམ་མཁྲིས་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཏིག་ཏ་བཅུ་གསུམ་བསིལ་ལ་བཟི་ཆེ་བས།  ཁྲག་མཁྲིས་མགོ་ནད་ཡ་མ་དཀར་ནག་དང་།  ཀླད་པའི་ཚད་རིགས་མཐའ་དག་འཇོམས་པར་བྱེད།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།