རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།
ཏིག་ཏ་ཉེར་ལྔ།
རྒྱ་ཏིག་སོགས་ཏིག་ཏ་སྲང་གང་ཞོ་ལྔ། གསེར་མེ་ཞོ་ལྔ། དུག་ཉུང་ཞོ་ལྔ། ཨ་རུ་སྲང་གང་ཞོ་གསུམ། རུ་རྟ་ཞོ་བརྒྱད། གུར་གུམ་ཞོ་བརྒྱད། ཅུ་གང་ཞོ་དྲུག ལི་ཤི་ཞོ་གསུམ། ཛཱ་ཏི་ཞོ་གསུམ། སུག་སྨེལ་ཞོ་གཉིས། པི་ལིང་ཞོ་གསུམ། ཀོ་ལ་ཞོ་གསུམ། རྒུན་དཀར་ཞོ་བཞི། སེ་འབྲུ་ཞོ་བདུན། བྲག་ཁཎ་ཞོ་བཞི། སྐྱེར་ཤུན་ཞོ་ལྔ། ཤིང་མངར་ཞོ་བརྒྱད། ཨ་ཀྲོང་ཞོ་བདུན། ཀྱི་ལྕེ་དཀར་པོའི་མེ་ཏོག་ཞོ་བརྒྱད། བོང་དཀར་ཞོ་དྲུག བ་ཤ་ཀ་ཞོ་དྲུག ཧོང་ལེན་རྩ་ལོ་ཞོ་དྲུག ཤུག་ཚེར་ཞོ་བཞི། ཀ་ར་ཞོ་གསུམ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།
ཕན་ནུས།
ཏིག་ཏ་ཉེར་ལྔ་བསིལ་དྲོད་སྙོམས་པ་འདིས། སྣོད་མཁྲིས་ལས་སྐྱེས་མཁྲིས་ནད་ཚ་གྲང་སེལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།