དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྟར་རྩིའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-01-07 17:10:45   |   567

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།


སྟར་རྩི།

སྟར་ཁཎ་སྲང་གང་ཞོ་ལྔ། བུལ་ཏོག་སྲང་ལྔ། ཨ་རུ་སྲང་དོ། རུ་རྟ་སྲང་གང་། ཤུ་དག་སྲང་གང་ཞོ་གསུམ། གུལ་ནག་ཞོ་ལྔ། སྟབ་སེང་སྲང་གང་། སྨན་ཆེན་ཞོ་བཞི། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།  

སྟར་བྱང་རྩི་བསྣན་བཟི་ཆུང་བསིལ་དྲོད་སྙོམས། བརྡབ་ཆག་རྐྱེན་གྱིས་ཁྲག་རྩ་གཅུས་དམ་བཙིར། ཁྲག་གི་རྒྱུ་བ་འཁྲུགས་སམ་འགག་པ་ཡིས། སྐྲངས་དང་ཟུག་གཟེར་ཆེ་ལ་ཚ་དྲོད་རྒྱས། དབུགས་བཀག་སྟོད་དང་རྩིབ་མ་གཟེར་བར་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།