དེ་རིང་ནི2025ལོའི་ཟླ07པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྟར་བུ་བཅུ་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-01-08 08:28:43   |   689

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


སྟར་བུ་བཅུ་གཅིག

སྟར་བུ་སྲང་དོ།  རུ་རྟ་སྲང་གང་།  མཛེ་ཚྭ་ཞོ་བརྒྱད།  སྲ་འབྲས་སྲང་གང་།  སྒ་སྐྱ་སྲང་གང་།  འོལ་སེ་སྲང་གང་།  ཚྭ་ལ་ཞོ་བརྒྱད།  ཟེ་ཚྭ་ཞོ་བརྒྱད།  མ་ནུ་སྲང་གང་།  སུག་སྨེལ་སྲང་གང་།  འཕང་འབྲས་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སྟར་བུ་བཅུ་གཅིག་བཟི་མེད་དྲོ་བ་འདིས།  ཕོ་ལོང་རྒྱུ་མར་སྦོ་ཞིང་སྲིན་ལྟར་གཟེར།  མཁལ་རྐེད་དཔྱི་མིག་སྨད་དུ་འཁོལ་བ་དང་།  ཁྱད་པར་རྒྱུ་ཞབས་ཆུ་ཁུང་གཟེར་བ་སོགས།  བུད་མེད་རྒྱུ་ལོང་ཁྲག་མཁར་བཤིག་པར་བྱེད།  ཚབས་བཅུ་མངལ་སྐྲན་དགུ་ཡི་གཉེན་པོ་ཡིན།  དེའི་སྟེང་གཡེར་མིག་བསྣན་པས་ཆུ་འདྲེན་བྱེད།  དངུལ་ཆུ་བསྣན་པས་ཆུ་སེར་པགས་གྲུམ་སེལ།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།