དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྟར་བུ་བཅུ་གཅིག་འདྲ་མིན་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-01-09 08:55:58   |   737

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


སྟར་བུ་བཅུ་གཅིག་འདྲ་མིན། 

སྟར་བུ་སྲང་དོ། རུ་རྟ་སྲང་གང་། ཤུ་དག་སྲང་གང་ཞོ་ལྔ། གླ་རྩི་སྐར་ལྔ། ཡ་བཀྵ་ར་ཞོ་བརྒྱད། འོལ་སེ་སྲང་གང་། མཛེ་ཚྭ་ཞོ་བརྒྱད། སྨན་ཆེན་ཞོ་ལྔ། ཨ་རུ་སྲང་དོ། བུལ་ཏོག་ཞོ་བརྒྱད། ཟེ་ཚྭ་ཞོ་བརྒྱད། འགྲོན་ཐལ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སྟར་བུ་བཅུ་གཅིག་བཟི་མེད་དྲོ་བ་འདིས། ནང་ནུབ་ཆུ་སྐོལ་དབུལ་བས་ཁྲག་ཚབས་དང་། ཁྲག་སྐྲན་མངལ་སྐྲན་མངལ་གྱི་སྲིན་ཁྲོས་དང་། ཚ་བ་སྐྱར་ལོག་མོ་ནད་གསར་རྙིང་འཇོམས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།