དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཛམ་གླིང་ཡོངས་སུ་ལོ50མན་གྱི་མིར་རྒྱུ་མའི་འབྲས་སྐྲན་འབྱུང་ཚད་ཇེ་མང་ལ་འགྲོ་བཞིན་འདུག

2025-01-09 11:37:09   |   750

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། གསར་དུ་སྤེལ་བའི་ཞིབ་འཇུག་དཔྱད་འབྲས་ཤིག་ལྟར་ན། འཛམ་གླིང་ཡོངས་སུ་ལོ50མན་གྱི་མི་ལ་རྒྱུ་མའི་འབྲས་སྐྲན་འབྱུང་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། སྣང་ཚུལ་འདི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཁག་ཏུ་དེ་བས་ཀྱང་མངོན་གསལ་རེད། 

དེ་སྔོན་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཨ་རི་དང་ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ། དབྱིན་ཇི་སོགས་སུ་ལོ་ཚོད་འདིའི་མི་རྣམས་ལ་རྒྱུ་མའི་འབྲས་སྐྲན་འབྱུང་ཚད་ནི་འདས་ཟིན་པའི་ལོ་བཅུའི་ནང་ཇེ་མང་དུ་སོང་ཡོད་པ་རེད། དེས་མི་རྣམས་ལ་ཚོད་དཔག་ཅིག་བསླངས་པ་ནི་ནུབ་ཕྱོགས་ཀྱི་འཚོ་བ་རོལ་སྟངས་ཏེ། བཟའ་བཅའི་ཁྲོད་ཤ་རིགས་དང་ལས་སྣོན་བཟའ་བཅའི་འདུས་ཚད་མང་བ་ནི་སྣང་ཚུལ་འདི་བསྐྱེད་པའི་རྒྱུ་རྐྱེན་དུ་འདོད་པ་དེའོ།།

གནད་དོན་འདིའི་ཚབས་ཆེན་རང་བཞིན་ལ་སྔར་ལས་ལྷག་པའི་རྒྱུས་ལོན་བྱ་ཆེད། ཨ་རིའི་འབྲས་སྐྲན་སློབ་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ50ཡི་རྒྱུ་མའི་འབྲས་སྐྲན་འབྱུང་ཚད་ལ་ཞིབ་འཇུག་བྱས་པ་དང་། ཁོ་ཚོས་གཙོ་བོ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་མཛོད་དུ་ཉར་བའི1975ལོ་ནས2017ལོའི་བར་གྱི་རྒྱུ་མའི་འབྲས་སྐྲན་འབྱུང་ཚད་གཞི་གྲངས་བརྒྱུད་ནས་དབྱེ་ཞིབ་བྱས་པ་རེད།

ཞིབ་འཇུག་ཚོ་ཆུང་གིས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་དང་ས་ཁུལ27གྱི་ལོ25ནས49བར་གྱི་མི་ཚོགས་ལ་རྒྱུ་མའི་འབྲས་སྐྲན་འབྱུང་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེའི་ཁྲོད་དུ་འཇར་པན་སོགས་ནུབ་ཕྱོགས་རྒྱལ་ཁབ་མ་ཡིན་པ་དང་ཐུར་ཁེ་སོགས་འབྱོར་ལྡན་མིན་པའི་རྒྱལ་ཁབ་ཀྱང་འདུས་པ་རེད། དེས་ནུབ་ཕྱོགས་ཀྱི་འཚོ་བ་རོལ་སྟངས་ནི་སྣང་ཚུལ་འདི་སྐྱེད་པའི་རྒྱུ་རྐྱེན་མིན་པའི་སྲིད་ཕྱོད་ཇེ་མཐོར་བཏང་། 

ཞིབ་འཇུག་མི་སྣས་དཔྱད་རྩོམ་ཁྲོད་བསྟན་རྒྱུར། སྣང་ཚུལ་འདི་ནི་མི་རྣམས་ཀྱི་ཚགས་བཤེར་ཆུ་ཚད་ཇེ་མཐོར་བཏང་བ་ལའང་འབྲེལ་བ་ཆེན་པོ་མི་འདུག་སྟེ། རྒྱུ་མཚན་ནི་རྒྱལ་ཁབ་མང་ཆེ་བར་ལོ50ལ་སོན་ཚེ་ད་གཟོད་རྒྱུ་མའི་འབྲས་སྐྲན་གྱི་རྒྱུན་སྲོལ་བརྟག་དཔྱད་བྱེད་པ་ཡིན།

གཞན་འཛམ་གླིང་དངུལ་ཁང་གི་གཞི་གྲངས་གཞིར་བཟུང་ན། རྒྱལ་ཁབ6ཕུད་པའི་ལྷག་མ་རྣམས་ནི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཏུ་བརྩིས་ཆོག་པ་དང་། ཡོང་འབབ་མཐོ་བའི་རྒྱལ་ཁབ་ཕལ་ཆེ་བ་དང་མི་འདྲ་ས་ཞིག་ལ། རྒྱལ་ཁབ་འདི6གི་རྒན་པ་རྣམས་ལ་རྒྱུ་མའི་འབྲས་སྐྲན་འབྱུང་བ་ཇེ་མང་དུ་འགྲོ་ཚད་ནི་ན་གཞོན་ཚོ་དང་འདྲ་ལ། ཐ་ན་ན་གཞོན་ཚོ་ལས་ཀྱང་མགྱོགས་པ་རེད།


མཉམ་སྤྱོད།