དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐང་དམར་བཅུ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-01-13 09:59:11   |   810

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཐང་དམར་བཅུ་པ།(ཁྲག་ཐང་བཅུ་པ།)

ཙན་དམར་སྲང་གང་ཞོ་དོ། འབྲི་མོག་སྲང་གང་ཞོ་དོ། རྒྱ་ཚོས་སྲང་གང་། བཙོད་སྲང་གང་། ཧོང་ལེན་རྩ་ལོ་འདྲེས་མ་སྲང་གང་། བ་ཤ་ཀ་སྲང་གང་། མ་ནུ་སྲང་གང་ཞོ་གསུམ། ཀཎྜ་ཀ་རི་སྲང་དོ། སླེ་ཏྲེས་སྲང་གང་། སྒ་སྐྱ་ཞོ་དྲུག་བཅས་གཙང་བཟོས་ཧྲོབ་བརྡུང་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཐང་དམར་བཅུ་པ་བཟི་མེད་བསིལ་བ་འདིས། ཁྲག་རླུང་འཐབ་ནས་ཁྲག་འཁྲུགས་སྟོད་བརྒྱངས་བྱེད། ཁྲག་ཚད་རྒྱས་ཏེ་སྐད་འགག་ཁ་ལྕེ་སྐམ། མགོ་ན་དམར་ཐོམ་ལངས་ནས་ཡན་ལག་སྦིར། ཁྲག་ངན་སྐེམ་ཞིང་ཁྲག་ཤེད་སྙོམས་པར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།