དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློ་བ་རེང་འགགས།

2025-01-14 09:26:48   |   708

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས།  རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

གློ་བ་རེང་འགགས(肺栓塞)ནི་གློ་སྙིང་གི་རྩ་ནད་ཁྲོད་དུ་མཐོང་རྒྱུ་མང་བའི་མྱུར་ནད་ཅིག་ཡིན། སྡོད་རྩའམ་གཡས་ཕྱོགས་སྙིང་ཁོག་ནང་གི་ཁྲག་འཆག་ལྷུང་སྟེ་གློ་བའི་འཕར་རྩའི་ནང་བཞུར་ཏེ་བྱུང་བ་ཡིན། ཁྲག་འཆག་ཕལ་ཆེར་རྐང་པའི་སྡོད་རྩ་དང་ཚང་ཁོག་གི་སྡོད་རྩ་ལས་བྱུང་བ་དང་། ཡང་ན་སྙིང་ཁང་འདར་འགུལ་གྱི་ནད་པར་བྱུང་བ་མང་། ནད་པ་མང་ཆེ་བ་ཡུན་རིང་མལ་སར་ཉལ་བ་དང་ཡང་ན་གཤག་བཅོས་ཀྱི་རྗེས་སུ་གཅིན་སྙིའི་ནད་དང་སྡོད་རྩ་འཁྱོག་རྒྱས་བྱུང་བའི་ལོ་རྒྱུས་ཡོད།

ནད་རྟགས།

གློ་བུར་དུ་བྲང་ཁ་ན་བ་དང་། སྐྲག་དངངས་སྐྱེས་པ། རྔུལ་ནག་མང་དུ་འབབ་པ། དེ་དང་མཉམ་དུ་གློ་བུར་དུ་དབུགས་ཀྱི་འབྱིན་རྔུབ་དཀའ་བ་དང་། གློ་ལུ་བ་དང་། ཁ་དོག་དམར་ལ་དྭངས་པའི་ཁྲག་ལུ་བ་ཡིན། ནད་པ་ཉུང་ཤས་ལ་དབུགས་འཚངས་པ་ཡིན། སེམས་འཚུབ་པ་དང་། ཡི་ག་ལོག་པ་དང་། སྐྱུགས་པ། རྔུལ་གྲང་བཞུར་བ་ནི་མྱུར་གཤིས་གློ་བ་རེང་འགགས་བྱུང་བའི་ནད་རྟགས་ཡིན།

གསོ་ཐབས།

1 གལ་ཏེ་ནད་པར་བྲང་ན་བ་དང་དབུགས་ཀྱི་འབྱིན་རྔུབ་དཀའ་བ་བྱུང་ན། གློ་བ་རེང་འགགས་ཀྱི་ནད་ལ་བསམ་བློ་གཏོང་དགོས། དེའི་དུས་ནད་པ་སེམས་ལྷོད་ལ་འབབ་ཏུ་འཇུག་པ་དང་། ཤུགས་འདོན་མི་རུང་། ཆ་རྐྱེན་འཛོམས་ན་ནད་པར་དབྱང་དབུགས་རྔུབ་ཏུ་འཇུག་དགོས།

2 འཕྲལ་ཏུ་མྱུར་སྐྱོབ་རླངས་འཁོར་ལ་བརྡ་བཏང་སྟེ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་དགོས།


མཉམ་སྤྱོད།
Loading...