དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐང་ཕྲོམ་བཅུ་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-01-14 14:29:32   |   715

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཐང་ཕྲོམ་བཅུ་གཅིག

ཐང་ཕྲོམ་དཀར་པོ་རྩ་ལོ་སྲང་དོ། ཨ་རུ་སྲོང་དོ། ཤུ་དག་སྲང་གང་ཞོ་དོ། གུལ་ནག་ཞོ་དྲུག སྒ་སེར་སྲང་གང་། མ་རུ་རྩེ་སྲང་གང་། བྱི་ཏང་ཀ་སྲང་གང་། སྟག་ཤ་སྲང་གང་། རྒྱ་ཚྭ་ཞོ་བཞི། སྨན་ཆེན་རྩ་ལོ་འདྲེས་མ་ཞོ་བརྒྱད། གླ་རྩི་སྐར་ཕྱེད་གཉིས་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཐང་ཕྲོམ་བཅུ་གཅིག་བཟི་དང་བསིལ་གཉིས་ཆེ། རིམས་ཚད་གཉན་དང་སྡོང་པའི་འགོས་ནད་ཀྱིས། མགོ་རྐང་ཚིགས་གཞི་ན་ཞིང་འཁྱགས་ཤུམ་བྱེད། གློ་བུར་གཉན་ཁ་རྒྱས་པའི་སྐྲངས་འབུར་ཏེ། ཁ་དོག་འདྲ་མིན་གཟུགས་དབྱིབས་སྣ་ཚོགས་དང་། ཉྭ་རིལ་ཤ་ལྤགས་སྐྲངས་སོགས་ལྷོག་པའི་ནད། སྐེ་མཇིང་ལྐོག་མ་སྐྲངས་སོགས་འཁྱམས་པོའི་ནད། རྣ་རྩར་ཟུག་གཟེར་རྣ་རྩ་ཕུས་འདེབས་ནད། ལྕེ་འབམ་ནད་དང་ཡ་མ་ཁ་འགྲིག་ནད། ཁྱད་པར་ཕྱི་ནང་གང་གི་གཉན་སྐྲངས་དང་། ཡ་སྲིན་སོ་སྲིན་མགོ་སྲིན་ལ་སོགས་པའི། སྐྲངས་ཟུག་འཇོམས་ཤིང་རྣག་ཏུ་འགུག་པར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།