རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།
ཐང་ཆེན་ཉེར་ལྔ།
གུར་གུམ་སྲང་གང་ཞོ་ལྔ། ཁ་གུར་ཞོ་གསུམ། ཨ་རུ་སྲང་གང་ཞོ་ལྔ། བ་རུ་ཞོ་བདུན། སྐྱུ་རུ་སྲང་གང་། མ་ནུ་ཞོ་དྲུག པུཥྐར་མཱུ་ལ་ཞོ་ལྔ། གསེར་མེ་ཞོ་དོ་སྐར་ལྔ། འབྲག་ཁཎ་ཞོ་བཞི། སེ་འབྲུ་ཞོ་བདུན། སུག་སྨེལ་ཞོ་དོ་སྐར་ལྔ། བསེ་ཡབ་ཞོ་དྲུག ཕག་ཁྲག་ཞོ་གསུམ། རེ་རལ་ཞོ་དྲུག འུ་སུའི་ལོ་འབྲས་ཞོ་ལྔ། རྒྱ་ཏིག་སུམ་ཏིག་ཞོ་ལྔ། ཧོང་ལེན་རྩ་ལོ་ཞོ་བཞི། ཀྱི་ལྕེ་དཀར་པོའི་མེ་ཏོག་ཞོ་བཞི། བོང་དཀར་ཞོ་ལྔ། པར་པ་ཏ་ཞོ་གསུམ་སྐར་ལྔ། མེ་ཏོག་ལུག་མིག་ཞོ་བཞི། གང་ག་ཆུང་ཞོ་བཞི་སྐར་ལྔ། ཨུཏྤལ་སྔོན་པོ་ཞོ་ལྔ། བ་ཤ་ཀ་ཞོ་བཞི། འོམ་བུའི་ལོ་མ་ཞོ་ལྔ། པྲི་ཡང་ཀུ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།
ཕན་ནུས།
ཐང་ཆེན་ཉེར་ལྔ་བཟི་མེད་ཅུང་ཟད་བསིལ། རླུང་མཁྲིས་བད་ཀན་སྙོམས་ཤིང་དང་ག་འབྱེད། དུག་དང་སྨུག་པོ་ཚད་རྙིང་བྱེར་བ་སྡུད། འདུས་རྟགས་ལུས་ལྕི་ཁ་སྐོམ་དང་ག་འགག ཕོ་བ་ན་ལ་རྩ་ཆུར་ཚད་རྟགས་སྟོན། དེ་དུས་དངོས་གཞིའི་སྤྱི་སྨན་གང་འོས་བསྟེན། རླུང་མི་སྐྱེ་ལ་བད་ཀན་མཁྲིས་པ་སེལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།