དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ད་བྱིད་བཅུ་གསུམ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-01-16 10:03:56   |   226

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་བྱིད་བཅུ་གསུམ།

གངས་སྦལ་ཞོ་ལྔ། རྩངས་པ་ཞོ་དྲུག སྲམ་ཤ་སྲང་གང་། བྱ་དེའི་ཤ་ཞོ་བརྒྱད། ཕུག་རོན་ཤ་ཞོ་བརྒྱད། ཁང་བྱིའུ་ཤ་ཞོ་བརྒྱད། ཐང་ཕྲོམ་དཀར་པོའི་འབྲས་བུ་ཞོ་བཞི། དབང་ལག་ཞོ་བདུན། ཉེ་ཤིང་ཞོ་བརྒྱད། དབྱར་རྩྭ་དགུན་འབུ་སྲང་གང་། སུག་སྨེལ་ཞོ་བཞི། སྡིག་སྲིན་ཞོ་དྲུག གཙང་ཉ་ཞོ་བདུན་སྐར་ལྔ། ཚ་ཤས་ཆེ་ན་ཀ་ར། གྲང་ཤས་ཆེ་ན་བུ་རམ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ད་བྱིད་བཅུ་གསུམ་བཟི་ཆུང་དྲོད་འབྲིང་འདིས། མཁལ་དྲོད་ཉམས་སམ་དྭངས་མ་བཅུད་མི་འགྱུར། ངལ་དུབ་སོགས་ཀྱིས་ཁུ་བ་ཟད་པ་དང་། ཕོ་མཚན་མི་ལྡང་འདོད་པ་ཉམས་པ་ལ། སྨན་འདི་བཏང་བས་སྟོབས་སྐྱེད་ཁུ་བ་འཕེལ། ཕོ་མཚན་ལྡང་ཞིང་འདོད་པ་སྤྱོད་པར་ནུས། གཞན་ཡང་མཁལ་གྲང་མཁལ་གཅོང་ནད་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།