དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དྭ་ལིས་བཅུ་དྲུག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-01-17 08:46:34   |   123

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


དྭ་ལིས་བཅུ་དྲུག

དྭ་ལིས་སྲང་བཞི། སེ་འབྲུ་སྲང་གང་། ཤིང་ཚྭ་ཞོ་ལྔ། པི་ལིང་ཞོ་གསུམ། ཅུ་གང་ཞོ་བདུན་སྐར་ལྔ། གུར་གུམ་ཞོ་བརྒྱད། སུག་སྨེལ་ཞོ་དོ། ལི་ཤི་ཞོ་དོ། ཛཱ་ཏི་ཞོ་གང་སྐར་ལྔ། ཨ་གར་གཉིས་ཞོ་ལྔ། སྙིང་ཞོ་ཞོ་བཞི། རྒུན་འབྲུམ་དཀར་པོ་ཞོ་གསུམ། ཤིང་མངར་ཞོ་ལྔ། ག་དུར་ཞོ་ལྔ། སྡིག་སྲིན་ཞོ་གསུམ། རུ་རྟ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

དྭ་ལིས་བཅུ་དྲུག་བཟི་མེད་བསིལ་དྲོད་སྙོམས། དྭངས་མ་མ་ཞུ་ཁྲག་ངན་ཆུ་སེར་རྒྱས། གློ་ལུ་སྐད་འགག་དབུགས་ཧལ་སྙིང་ག་གཡུག གདོང་དང་མིག་ལྕིབས་རྐང་བོལ་ངར་གདོང་སྐྲངས། མ་ཞུ་ཕོ་སྦོས་ཚ་གྲང་འཐབ་པ་དང་། རླུང་གི་སྟོད་གཟེར་བད་རླུང་མགོ་འཁོར་སོགས། སྐྱ་རྦབ་ནད་ཀྱིས་ལུས་པོ་སྐྲངས་པ་འཇོམས།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།