རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།
རྡོ་ཐལ་ཉེར་ལྔ།
རྡོ་ཐལ་སྲང་དོ། ཅོང་ཞི་ཚ་འདུལ་ཞོ་བརྒྱད། ཨ་རུ་སྲང་གང་ཞོ་ལྔ། རུ་རྟ་ཞོ་བདུན་སྐར་ལྔ། པི་ལིང་ཞོ་ལྔ། སྒ་སྐྱ་ཞོ་བརྒྱད། ཕོ་རིལ་ནག་པོ་ཞོ་ལྔ། རྒྱམ་ཚྭ་ཞོ་བཞི། སྦྲུལ་ཤ་ཞོ་ལྔ། བྲག་ཁཎ་ཞོ་ལྔ། སྟར་ཁཎ་སྲང་གང་། འུ་སུ་ལོ་འབྲས་ཞོ་བརྒྱད། ཤིང་ཚྭ་ཞོ་བརྒྱད། སྤོས་དཀར་ཞོ་བཞི། ཐལ་རྡོར་ཞོ་བཞི། སོ་ར་ཞོ་བཞི། ཤྭ་རུ་ཞོ་ལྔ། ཡ་བཀྵ་ར་ཞོ་བདུན། འགྲོན་ཐལ་ཞོ་བཞི། འུག་སྒྲོ་ནུས་བསྲེག་ཞོ་གསུམ། སེ་འབྲུ་སྲང་གང་ཞོ་ལྔ། ཚྭ་ལ་ཞོ་བདུན། རེ་ལྕག་ཁཎྜ་ཞོ་བཞི། སྒོག་པ་ནུས་བསྲེག་ཞོ་གསུམ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།
ཕན་ནུས།
རྡོ་ཐལ་ཉེར་ལྔ་རྣོ་ལ་དྲོད་ཆེ་བས། མ་ཞུ་རྙིང་པ་བེ་སྣབས་སྐྲན་ཆགས་པ། ཕོ་བ་སྦོས་བརྒྱངས་བྱས་ནས་དགག་སྒྲེགས་རྒྱག ལྟོ་ཆས་ཟས་མ་ཐག་ཏུ་ཟུག་གཟེར་ལངས། གྲང་མོ་བཟས་རྗེས་ན་ཆེ་ལྟོགས་དུས་བདེ། དེ་འདྲ་ཐུན་ཆུང་ཡུན་བཏང་སྐྲན་རིགས་འཇོམས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།