དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆམ་ནད་སྔོན་འགོག་གི་མན་ངག་བཅུ།

2025-01-20 09:42:46   |   126

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


འཁྲུད་པ། 

དགུན་ཁར་གནམ་གཤིས་གྲང་ངར་ཆེ་བས། མི་མང་པོས་སྔ་དྲོར་ཆུ་ཚ་མོས་ངོ་འཁྲུད་པ་རེད། དོན་ལ་སྔ་དྲོར་ཆུ་གྲང་མོས་ངོ་བཀྲུས་ན། རིག་པ་གསལ་ཞིང་རྣམ་རིག་རྒྱས་པར་མ་ཟད། སྒོ་ཕྱིར་འགྲོ་དུས་གདོང་ལ་གློ་བུར་དུ་མཁའ་དབུགས་གྲང་མོ་བརྒྱབ་སྟེ་ཆམ་ནད་ཕོག་པའང་སྔོན་འགོག་བྱེད་ཐུབ། དེའི་རྒྱུ་མཚན་ནི་ཆུ་གྲང་མོས་གདོང་བཀྲུས་ན་མིའི་གྲང་བཟོད་ནུས་པ་ཇེ་མཐོར་གཏོང་ཐུབ་པ་དང་། གདོང་གི་ཁྲག་རྒྱུན་འཁོར་རྒྱུག་ལ་ཟུག་སློང་དང་ལེགས་སྒྱུར་བྱས་ཏེ། སྣ་ནང་འབྱར་སྐྱིས་མཁའ་དབུགས་གྲང་མོ་ལ་འཕྲོད་བསྟུན་བྱེད་ནུས་ཇེ་ལེགས་སུ་བཏང་བས་ཡིན། 

1.jpg

གཤལ་བ།

ཉིན་རེའི་སྔ་དྲོ་དང་དགོང་མོར་ཚྭ་ཆུས་ཁ་བཤལ་ན་ཁ་ནང་གི་ནད་སྲིན་གཙང་སེལ་བྱེད་ཐུབ་ཅིང་། ཆམ་ནད་ཕོག་པའི་སྔ་དུས་སུ་ཁ་བཤལ་ནའང་ཕན་ནུས་ངེས་ཅན་ཐོན་ཐུབ་སྟེ། མིད་པར་ཟ་འཕྲུག་ལངས་པ་དང་ན་བ་སོགས་ལ་སྐར་མ10རེའི་ནང་ལ་ཁ་ཐེངས་རེ་བཤལ་ན་ནད་རྟགས་མངོན་གསལ་གྱིས་ཇེ་ཡང་དུ་གཏོང་ཐུབ། 

2.jpg

འབྲད་པ།

ཨན་སྟོང་དང་པོའི་གསང་མིག་ནི་སྐེའི་མར་གཤམ་གྱི་སྐེ་ཚིགས་བདུན་པའི་འོག་གི་ཀོང་ཀོང་དེ་རུ་ཡོད་ཅིང་། ཨན་སྟོང་དང་པོའི་ནང་འབྲད་པའམ་མེ་བུམ་རྒྱག་པ་སོགས་བྱས་ན་ཆམ་ནད་སྔོན་འགོག་བྱེད་ཐུབ་པར་མ་ཟད། སྐེ་ཚིགས་ནད་ལའང་ཕན་ནུས་ངེས་ཅན་ཐོན་ཐུབ། 

3.jpg

འཕུར་བ། 

མཐེབ་ཤའི་གསང་མིག་ནི་ལག་པའི་མཐེ་བོང་གི་རྩ་བ་ནས་མཁྲིག་མའི་བར་གྱི་ལག་མཐིལ་རྐྱོང་སྐབས་ཕྱིར་འབུར་བའི་ཁག་དེ་ལ་ཟེར་ཞིང་། ལག་པ་གཉིས་ཀྱི་ཐོག་འོག་བརྗེ་རེས་ཀྱིས་མཐེབ་ཤ་ལ་དྲོད་རྒྱས་རེག་བར་ཕན་ཚུན་ཕུར་ཕུར་བྱས་ན། ཁྲག་གི་འཁོར་རྒྱུག་ལ་སྐུལ་འདེད་དང་ཁྲག་རླུང་རྒྱུ་བར་ཕན་ཞིང་། ཆམ་ནད་སྔོན་འགོག་བྱེད་པར་དེ་བས་ཕན་པར་མ་ཟད། མིད་པ་ན་བ་དང་ཧབ་སྦྲིད་རྒྱག་པ། སྣ་ཆུ་བཞུར་བ། སྣ་འཚུབ་པ། གློ་ལུ་བ་སོགས་ཇེ་ཡང་ལ་འགྲོ་བར་ཡང་ཕན། 

4.jpg

འབྱེད་པ། 

སྒེའུ་ཁུང་འོས་མཚམས་ཕྱེས་ནས་རླུང་རྒྱུ་རུ་བཅུག་ཚེ། ཁང་པའི་ནང་གི་ཕྲ་སྲིན་དང་ནད་དུག སྨར་སྲིན་སོགས་ནུས་ལྡན་ངང་ཇེ་ཉུང་དུ་གཏོང་ཐུབ། འོན་ཀྱང་། དགུན་ཁར་སྒེའུ་ཁུང་ཡུན་རིང་ལ་ཕྱེ་སྟེ་རླུང་རྒྱུ་རུ་བཅུག་ན། ཁང་པའི་ནང་གི་དྲོད་ཚད་ཇེ་དམའ་རུ་སོང་ནས། དྲོས་འཁྱགས་འབྱུང་སླ་བས། ཁང་པའི་ནང་གི་མཁའ་དབུགས་དང་དྲོད་ཚད་ཀྱི་གནས་ཚུལ་བྱེ་བྲག་པར་གཞིགས་ནས་རླུང་རྒྱུ་རུ་འཇུག་མིན་དང་རླུང་རྒྱུ་བའི་དུས་ཡུན་གཏན་འཁེལ་བྱ་དགོས། 

5.jpg

བཏུང་བ། 

དུས་རྒྱུན་བཅའ་ལྒའི་ཁུ་བ་འཐུངས་ན་གྲང་ངར་འཇོམ་པར་ཕན་པ་དང་། ཆམ་པ་དྲོས་འཁྱགས་བྱུང་ཚེ་ལུག་མིག་མེ་ཏོག་གི་ཇ་འཐུངས་ན་ཚ་སེལ་རླུང་འཇོམ་ལ་ཕན། 

6.jpg

བཟའ་བ། 

ནཱ་ཡི་འདུས་ཚད་མཐོ་བའི་ཚྭ་ཉུང་ཟ་བྱས་ན་མཆིལ་མའི་ཁྲོད་ཀྱི་སྲིན་ཞུ་སྐྱུར་གྱི་འདུས་ཚད་ཇེ་མཐོར་ཕྱིན་ནས། ཁ་ནང་དང་མིད་པའི་འབྱར་སྐྱིའི་ཕྲ་ཕུང་ལ་སྲུང་སྐྱོབ་བྱེད་ཐུབ་ཅིང་། རིམས་འགོག་སྤྲི་དཀརAདང་འགལ་རྐྱེན་རྒྱུ་མང་པོ་དབྱེ་འབྱེད་བྱས་ནས། ཆམ་པའི་ནད་དུག་ལ་ཁ་གཏད་འཇལ་ཐུབ། དེ་བས། ཉིན་རེའི་ཚྭ་བཟའ་ཚད5gཡི་མན་དུ་ཚོད་འཛིན་བྱས་ན། ཆམ་ནད་དྲག་སྐྱེད་འབྱུང་བར་ཕན་ནུས་ཆེན་པོ་ཡོད། 

7.jpg

འབྱིན་པ། 

ཞིབ་འཇུག་ལས་མངོན་པ་ལྟར་ན། སྦྲང་མ་བཞིན་ཝང་ཝང་གི་སྒྲ་ཕྱུང་ན་སྣ་སྦུག་རུས་ཁུང་དང་སྣ་ནང་གི་བར་གསེང་ཕྱེ་ནས། དབུགས་འབྱིན་རྔུབ་བདེ་བ་དང་སྣབས་ཕྱིར་འཕུད་པ་ལ་ཕན། སྡོད་གནས་འོས་འཚམ་ཞིག་ཏུ་བསྡད་རྗེས་སྣ་ཁུང་གིས་དབུགས་རིང་ལེན་བྱས་ཏེ་ཝང་ཝང་གི་སྒྲ་ཕྱུང་ཚེ། སྣ་ཁུང་དང་བྲང་ཁ། མགོ་བོ་སོགས་སུ་འདར་ཚོར་བྱུང་ནས། ཝང་སྒྲས་དབུགས་འབྱིན་ཡུན་ཇེ་རིང་དུ་བཏང་སྟེ། སེམས་ཁྲལ་ཇེ་ཡང་དང་སེམས་ཁམས་ཇེ་སྐྱིད་དུ་གཏོང་ཐུབ། 

8.jpg

གྱོན་པ། 

དགུན་ཁར་གྲང་ངར་ཆེ་ན་ཡང་། གྱོན་ཆས་གྱོན་རྒྱུ་མང་དྲགས་མི་རུང་སྟེ། གྲང་ངར་འགོག་ཐུབ་པ་དང་ཚ་བ་ཕྱིར་གཏོང་ཐུབ་པར་ཁག་ཐེག་བྱས་ན་ཆོག རྔུལ་ཆུ་ཐོན་ཚེ་ལམ་སང་གྱོན་གོས་ཕུད་མི་རུང་སྟེ། དེ་ལྟར་བྱས་ན་དྲོས་འཁྱགས་འབྱུང་སླ་བ་ཡིན། 

9.jpg

གནོན་པ།

སྣ་འགྲམ་གསང་མིག་ནི་སྣ་ཤུར་གཡས་གཡོན་གཉིས་སུ་ཡོད་ཅིང་། གསང་མིག་དེ་གཉིས་ལ་མཛུབ་མོས་འཕུར་མཉེད་བཏང་ན་སྣ་ཁུང་བསང་བ་དང་། གྲང་བ་འཇོམ་པ། སྣ་ཆུ་མི་བཞུར་བ་སོགས་ལ་ཕན། 

10 (1).jpg

རླུང་རྫིང་གསང་མིག་ནི་ལྟག་རུས་ཀྱི་སྨད་འགྲམ་སྟེ། རྣ་རྒྱབ་ནས་སོར་གཉིས་མཚམས་ཀྱི་ཀོང་ཀོང་དེ་རུ་ཡོད་ཅིང་། མཐེ་བོང་གཉིས་ཀྱིས་རླུང་རྫིང་གསང་མིག་མནན་ཏེ་ཤུགས་ཆེན་པོས་ཐེངས10ཙམ་ལ་གནོན་འཕུར་བྱས་ན། ཚ་བ་སེལ་བ་དང་རླུང་རྒྱུ་བ། རྔུལ་འདོན་པ་སོགས་ཀྱི་ཕན་ནུས་ཐོན་ཐུབ། 

10 (2).jpg

ཕྲག་པའི་ཁྲོན་ཆུ་གསང་མིག་ནི་ཕྲག་པའི་དཀྱིལ་གྱི་ཤ་གནད་ཅུང་མང་བའི་ཁག་དེར་ཟེར། ལག་པ་གཉིས་ཀྱི་མཐེ་བོང་དང་གོང་མཛུབ། དཀྱིལ་མཛུབ་བཅས་ཀྱིས་ཕྲག་པ་གཡས་གཡོན་གྱི་ཁྲོན་ཆུའི་གསང་མིག་ཐེངས10ཙམ་ལ་མནན་ན། རླུང་རྒྱུ་བ་དང་གྲང་བ་འཇོམ་པ། རྔུལ་འདོན་པ། ཆམ་པ་དྲོས་འཁྱགས་ཀྱི་ནད་རྟགས་ཇེ་ཡང་དུ་གཏོང་བ་བཅས་ལ་ཕན། 

10 (3).jpg


མཉམ་སྤྱོད།