དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དྭ་ལིས་བཅོ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-01-21 09:15:52   |   109

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


དྭ་ལིས་བཅོ་བརྒྱད།

དྭ་ལིས་སྲང་གང་ཞོ་ལྔ། ཨ་རུ་སྲང་གང་ཞོ་བཞི། བ་རུ་སྲང་གང་། སྐྱུ་རུ་སྲང་གང་ཞོ་དོ། ཅུ་གང་ཞོ་བདུན། གུར་གུམ་སྲང་གང་། ཛཱ་ཏི་ཞོ་གསུམ། ལི་ཤི་ཞོ་བཞི། སུག་སྨེལ་ཞོ་གསུམ། ཀོ་ལ་ཞོ་གསུམ། ཙན་དཀར་ཞོ་དྲུག ཙན་དམར་སྲང་གང་། ཞུ་མཁན་ཞོ་བརྒྱད། བཙོད་ཞོ་བརྒྱད། རྒྱ་ཚོས་ཞོ་བརྒྱད། ཀྱི་ལྕེ་དཀར་པོའི་མེ་ཏོག་ཞོ་བདུན། ཤིང་མངར་ཁཎྜ་ཞོ་བརྒྱད། ཨར་ནག་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

དྭ་ལིས་བཅོ་བརྒྱད་བཟི་མེད་བསིལ་དྲོད་སྙོམས། རྡིབ་འོག་ཚུད་དང་དྲག་ཤུལ་འགྲམས་འཁྲུགས་དང་། རིམས་མཇུག་ཚད་རྙིང་རྩ་ལ་བབས་པའི་ནད། རྩ་རྒྱུས་རེངས་འཁུམས་དང་ནི་བརྐྱང་བསྐུམ་དཀའ། དཔུང་སོག་སྒྲོག་རུས་རྐང་ལག་ན་ཟུག་ཆེ། ཡང་ན་རིམ་པས་ཚོར་བ་ཉམས་པ་དང་། ཞ་རེངས་སྐམ་སོགས་རྩ་དཀར་རྩ་ནད་སེལ། གཞན་ཡང་རྩ་རླུང་རྩ་འདར་སོགས་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།