དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མིག་སྨན་གཏུག་སྐབས་མཉམ་འཇོག་བྱ་དགོས་ས་འགའ།

2025-01-22 09:50:29   |   391

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མིག་སྨན་གཏུག་སྟངས་ཡང་དག་པ་བསྟེན་རྒྱུ་དང་མིག་སྨན་གཏུག་སྐབས་མིག་ནད་གཞན་རིགས་མི་འགོས་པར་བྱ་ཆེད། གཤམ་གྱི་མིག་སྨན་གཏུག་པའི་གོ་རིམ་དང་གཏུག་སྟངས་ཐད་ཀྱི་མཉམ་འཇོག་བྱ་དགོས་ས་འདི་དག་ཡིད་ལ་ཟུངས་ཤིག 

གཅིག མིག་སྨན་མ་གཏུགས་པའི་སྔོན་ལ་ལག་པ་གཙང་མར་བཀྲུས་ཏེ། ཕྲ་སྲིན་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས། 

ཉི མིག་སྨན་གྱི་ནུས་ལྡན་དུས་ཚོད་དང་ཁ་ཕྱེ་བའི་དུས་ཚོད་འགོར་ཡོད་མེད་ལ་ཞིབ་བཤེར་བྱ་དགོས། 

གསུམ། མིག་སྨན་གཏུག་སྐབས། མགོ་བོ་ཅུང་ཕྱི་ལ་དགྱེ་ནས། ལག་པ་གཅིག་གིས་མིག་ཤ་དལ་བར་འཐེན་པ་དང་། ལག་པ་ཅིག་ཤོས་ཀྱིས་མིག་སྨན་དམ་བེ་བཟུང་སྟེ། མིག་དང་ལི་སྨི1ནས2ཀྱི་བར་ཐག་ནས་དམ་བེ་བཙུར་ནས། སྨན་ཆུ་མིག་འབྲས་སྐྱི་མོའི(མིག་འབྲས་དང་མིག་ལྕིབས་ཀྱི་བར་གསེང)ཐོག་ལ་གཏུག་དགོས་པ་ལས། ཐད་དཀར་མིག་གི་ཟུར་སྐྱིའི་ཐོག་ལ་གཏུགས་ཏེ། གློ་བུར་དུ་མིག་ཚ་ནས་འབྱེད་འཛུམ་བྱེད་དུ་འཇུག་མི་རུང་། 

བཞི། མིག་སྨན་དམ་བེ་སྐྱི་མོ་དང་འབྲེལ་སྐྱི། རྫི་མ་སོགས་ལ་ཐུག་སྟེ་མིག་ནད་གཞན་རིགས་འགོ་བར་གཡོལ་དགོས། 

ལྔ། སྨན་ཆུ་མིག་ནང་དུ་གཏུགས་རྗེས། མིག་དལ་མོར་བཙུམ་པ་དང་། ཞོར་ལ་ལག་པས་མིག་ཟུར་སྐར་མ2ནས3ལ་མནན་ཏེ། སྨན་རྫས་མིག་ནང་ནས་སྡོད་པའི་དུས་ཡུན་ཇེ་རིང་དང་། སྨན་རྫས་སྣ་ནང་དང་མིད་པའི་ནང་དུ་བཞུར་བ་ཇེ་ཉུང་དུ་གཏོང་དགོས། 

དྲུག མིག་སྨན་གཏུགས་རྗེས་སྨན་སྣོད་ཀྱི་ཁ་དམ་པོར་བརྒྱག་དགོས་པར་མ་ཟད། གསལ་བཤད་ཡི་གེའི་བླང་བྱ་ལྟར་ཉར་ཚགས་བྱ་དགོས། 

བདུན། མིག་སྨན་གཏུག་པའི་ཐེངས་གྲངས་དང་མང་ཉུང་སོགས་སྨན་པའི་ངག་བཀོད་བཞིན་བྱ་དགོས།

བརྒྱད། མིག་སྨན་དམ་བེ་མི་གཞན་དང་མཉམ་དུ་སྤྱོད་མི་རུང་སྟེ། དེ་ལྟར་བྱས་ན་མིག་ནད་ཕན་ཚུན་ལ་འགོ་བའི་ཉེན་ཁ་ཡོད། 


མཉམ་སྤྱོད།