དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ད་ཏྲིག་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-01-22 16:19:39   |   270

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ཏྲིག་ཉེར་ལྔ།

ད་ཏྲིག་སྲང་གང་ཞོ་ལྔ། སྨག་རྩམ་ཞོ་ལྔ། ཀ་པེད་ཞོ་ལྔ། དུག་ཉུང་ཞོ་ལྔ། གསེར་མེ་ཞོ་བཞི། བོང་དཀར་ཞོ་བརྒྱད། མོན་ཆ་ར་ཞོ་ལྔ། བྱ་རྐང་མེ་ཏོག་སྲང་གང་། བྲག་སྤོས་ཞོ་དྲུག སྤང་རྩི་ཞོ་ལྔ། རྩྭ་ཨ་ཝ་ཞོ་དྲུག མ་ནུ་ཞོ་བརྒྱད། གུར་གུམ་སྲང་གང་། སྙ་ལོའི་རྩ་བ་ཞོ་བརྒྱད། བ་ལེ་ཀ་ཞོ་བརྒྱད། ག་དུར་ཞོ་བརྒྱད། ཐ་རམ་འབྲས་བུ་ཞོ་དྲུག ཨ་རུ་སྲང་གང་། བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་གང་།  སླེ་ཏྲེས་སྲང་གང་། ཀཎྜ་ཀ་རི་སྲང་གང་ཞོ་དོ། གཙོད་ཁྲག་ཞོ་བཞི། བྲག་ཁཎ་སྲང་གང་། དོམ་མཁྲིས་སྐར་གསུམ། གླ་རྩི་སྐར་ཕྱེད་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ད་ཏྲིག་ཉེར་ལྔ་ནུས་པ་བསིལ་ཆེ་བས། རྒྱུ་རིམས་གཉན་ཚད་སྨུག་པོའི་རྒྱུ་གཟེར་དང་། རྒྱུ་ལོང་ནད་ཞུགས་དམར་སེར་སྐྱ་བོ་འཁྲུ། ཚད་པ་རྒྱུ་མར་བབས་པའི་དམར་བཤལ་གཅོད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།