དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དྭངས་གནས་འཇམ་བསྣན་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-01-24 08:46:41   |   1275

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


དྭངས་གནས་འཇམ་བསྣན། 

སེ་འབྲུ་སྲང་གང་། ཤིང་ཚྭ་ཞོ་གསུམ། སུག་སྨེལ་ཞོ་གང་སྐར་ལྔ། པི་ལིང་ཞོ་གང་སྐར་བརྒྱད། གུར་གུམ་ཞོ་བཞི། འཇམ་འབྲས་ཞོ་དོ་སྐར་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

དྭངས་གནས་འཇམ་བསྣན་བཟི་མེད་དྲོ་བ་འདིས། དྭངས་མ་རང་གནས་འཇོག་དང་ལུས་ཟུངས་གསོ། ཁྱད་པར་གྲང་བ་དཀར་པོ་འབྱམས་པ་གཅོད། སྣུམ་བྱུགས་དུགས་དང་ཟས་སྤྱོད་དྲོད་ཀྱིས་བཅོས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།