དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བདེ་བྱེད་སྙོམས་ལྡན་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-02-10 14:40:13   |   594

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


བདེ་བྱེད་སྙོམས་ལྡན།

ཅོང་ཞི་སྲང་བཞི།  སེ་འབྲུ་སྲང་དོ།  ཅུ་གང་ཞོ་བཞི།  གུར་གུམ་ཞོ་བཞི།  ལི་ཤི་ཞོ་དོ།  སུག་སྨེལ་ཞོ་དོ།  ཀོ་ལ་ཞོ་དོ།  ཛཱ་ཏི་ཞོ་དོ།  ཨ་རུ་སྲང་དོ།  ཤིང་ཚྭ་ཞོ་དོ།  དྭ་ལིས་སྲང་གང་།  སྒ་སྐྱ་ཞོ་དོ།  པི་ལིང་ཞོ་དོ།  ཕོ་རིལ་ཞོ་དོ།  གངས་ཐིགས་སྲང་གང་།  སྐྱུ་རུ་ཞོ་གསུམ།  ཚྭ་ལ་ཆུ་བཅད་ཞོ་དོ།  ལ་ཕུག་ཐལ་བ་སྲང་གང་ཞོ་ལྔ།  རུ་རྟ་ཞོ་ལྔ།  ཧོང་ལེན་ཞོ་གསུམ།  ཏིག་ཏ་ཞོ་གསུམ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

བདེ་བྱེད་སྙོམས་ལྡན་བཟི་མེད་ཅུང་ཟད་སྙོམས།  ཐོ་རེངས་དུས་ལ་སིང་པོ་གསར་འཇམ་ཕུལ།  ཤ་གསར་ཆང་འཇམ་མལ་གོས་དྲོ་བར་བྱས།  སྨན་ཡུན་སྲིངས་ཤིང་བཏང་བའི་ཕན་ཡོན་ནི།  བད་ཀན་སྐྱ་སྨུག་ལ་སོགས་བད་ཀན་ནད།  ལྷེན་དང་ལྕགས་དྲེག་མ་ཞུ་བེ་སྣབས་དང་།  དུག་རོ་ལུས་དང་ཕོ་བ་མཆིན་པའི་ནད།  སྨུག་པོ་གབ་འགྱིང་ཆུ་སེར་ཟ་འཕྲུག་འཇོམས།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།