དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྡོ་སྦྱོར་དགུ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-02-13 10:41:35   |   564

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


རྡོ་སྦྱོར་དགུ་པ། 

ཨ་རུ་སྲང་གསུམ། བྲག་ཁཎ་སྲང་གསུམ། བ་ཤ་ཀ་སྲང་དོ་ཞོ་བདུན། རེ་སྐོན་སྲང་དོ་ཞོ་བདུན། ཅོང་ཞི་ཚ་འདུལ་སྲང་དོ་ཞོ་བཞི། མ་ནུ་སྲང་དོ་ཞོ་གཅིག སྟར་བུ་སྲང་དོ་ཞོ་གཅིག འུ་སུ་སྲང་དོ་ཞོ་གཅིག གངས་ཐིགས་སྲང་གསུམ་བཅས་གཙང་བཟོས་ཞིབ་བཏགས་སྐབས་བསྟུན་མངར་གསུམ་གྱིས་རིལ་བུ་སྒྲིལ་ཏེ་གཏོང་དགོས།

ཕན་ནུས། 

རྡོ་སྦྱོར་དགུ་པ་བཟི་མེད་ཅུང་ཟད་བསིལ། བད་ཀན་སྨུག་པོའི་ནད་སྤྱིར་ཕན་པ་ཡིན། ཁྱད་པར་སྨུག་པོ་མཆིན་ཁྲག་རྒྱས་ལ་ཕན། རྩ་རྩི་རྡོ་གསུམ་རེས་མོས་གཏོང་བ་འམ། ཡང་ན་བད་སྨན་གཞན་དང་ལྟག་སྤྲད་གཏོང་། རྩ་རྩི་རྡོ་གསུམ་སྨུག་པོའི་སྨན་མཆོག་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།