དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དུང་རུ་བཅོ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-02-17 09:47:36   |   576

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


དུང་རུ་བཅོ་བརྒྱད།(ཅོང་དྲུག་དཀར་རུ་ལྷག་མ་ཕྲི།)  

ཅོང་ཞི་སྲང་གང་། བུལ་ཏོག་སྲང་གང་། རྒོད་བྲུན་ཞོ་ལྔ། གོ་བྲུན་ཞོ་ལྔ། སྒོག་སྐྱ་སྲང་གང་། སེ་འབྲུ་སྲང་གང་། རྒྱམ་ཚྭ་ཞོ་གསུམ། ཚྭ་ལ་ཞོ་གསུམ། སུག་སྨེལ་སྲང་གང་། པི་ལིང་སྲང་གང་། མ་ནུ་སྲང་གང་། གུར་གུམ་སྲང་གསུམ། རུ་རྟ་སྲང་གང་། སྐྱུ་རུ་སྲང་གང་། བ་ཤ་ཀ་ཞོ་བརྒྱད། ཨ་རུ་སྲང་གང་ཞོ་ལྔ། ལྕུམ་རྩ་སྲང་གང་།(ཁ་ཚར་དུག་ལ་བསེ་རུ་ཞོ་ལྔ། ཚད་པར་གི་ཝང་སྐར་གཉིས།)

ཕན་ནུས།

དུང་རུ་བཅོ་བརྒྱད་བཟི་མེད་ཅུང་ཟད་དྲོད། དྭངས་མ་མ་ཞུ་ངན་ཁྲག་བད་ཀན་འདྲེས། སྨུག་པོ་གྲང་རྐྱེན་མ་ཞུ་རྙིང་པ་དང་། ཕོ་མཚེར་མི་བདེ་ཆུ་སྐྱུགས་སྦོས་བརྒྱངས་བྱེད། སྐབས་རེར་ཟས་ཟོས་རྗེས་ལ་ན་ཟུག་ལྡང་། ཟས་སྐོམ་བྲོ་བ་མི་ཚོར་དང་ག་འགག དུག་ཐབས་ཅན་གྱི་ཕོ་རྒྱུའི་ནད་རིགས་སེལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།