དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པི་ལིང་ལྔ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-02-18 10:59:50   |   538

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


པི་ལིང་ལྔ་པ། 

པི་ལིང་ཞོ་གསུམ་སྐར་ལྔ། སེ་འབྲུ་སྲང་དོ། འུ་སུའི་ལོ་འབྲས་སྲང་གང་། སྒ་སྨུག་ཞོ་དྲུག ཙི་ཏྲ་ཀ་ཞོ་ལྔ། སྦྲང་རྩི་ཞོ་བཞི་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

པི་ལིང་ལྔ་པ་བཟི་མེད་དྲོད་ཆེ་བས། ཕོ་བའི་དྲོད་ཉམས་འཇུ་སྟོབས་ཞན་པ་དང་། ལུས་ཀྱི་དྲོད་ཆུང་མདངས་སྟོབས་ཉམས་པ་ལ། སྨན་འདི་བཏང་བས་དྲོད་སྐྱེད་མདངས་སྟོབས་འཕེལ། བུད་མེད་བུ་མེད་ལ་ཡང་བུ་རྙེད་འགྱུར། གཞན་ཡང་སྐྱ་རྦབ་གཞང་འབྲུམ་མཚེར་ནད་སེལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར། 


མཉམ་སྤྱོད།