དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྤང་རྩི་བཅུ་གཉིས་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-02-19 08:33:21   |   764

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྤང་རྩི་བཅུ་གཉིས།

སྤང་རྩི་སྲང་གང་། བོང་དཀར་སྲང་གང་ཞོ་ལྔ། པར་པ་ཏ་སྲང་གང་ཞོ་ལྔ། ཅུ་གང་སྲང་གང་ཞོ་ལྔ། གུར་གུམ་སྲང་གང་ཞོ་གསུམ། ཙན་དཀར་སྲང་གང་། གུལ་ནག་ཞོ་ལྔ། སྟག་ཤ་སྲང་གང་། སྨན་ཆེན་རྩ་ལོ་འདྲེས་མ་ཞོ་བརྒྱད། བྲག་ཁཎ་ཞོ་དྲུག་སྐར་ལྔ། གི་ཝང་སྐར་གཅིག གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

སྤང་རྩི་བཅུ་གཉིས་བསིལ་ལ་བཟི་ཆེ་བས། གཉན་ཚད་མ་ལུས་གསོད་པར་བྱེད་པའི་མཆོག རིམས་ནད་སྟོབས་ཆེན་འཇོམས་པའི་གཉེན་པོ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།