དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྤོས་བཅུ་ཁ་ཚར་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-02-20 10:37:08   |   1024

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྤོས་བཅུ་ཁ་ཚར།

སྤོས་དཀར་སྲང་གང་། ཐལ་རྡོར་ཞོ་བརྒྱད། སོ་ར་ཞོ་བརྒྱད། རུ་རྟ་ཞོ་བརྒྱད། བ་ཤ་ཀ་ཞོ་བརྒྱད། ཨ་རུ་སྲང་གང་ཞོ་ལྔ། བ་རུ་སྲང་གང་། སྐྱུ་རུ་སྲང་གང་ཞོ་དོ། སླེ་ཏྲེས་སྲང་གང་། བྲག་ཁཎ་ཞོ་ལྔ། ཤུག་འབྲུའི་ཁཎྜ་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སྤོས་བཅུ་ཁ་ཚར་བཟི་མེད་ཅུང་ཟད་བསིལ། དྲེག་གྲུམ་ཆུ་སེར་ཤ་ལྤགས་ཚིགས་ལ་རྒྱས། ཤུ་ཐོར་ཟ་ཕྲུག་འབྱུང་ཞིང་ཤ་མདོག་འགྱུར། ཤ་ལྤགས་སྟེང་དུ་སྒོར་ཙམ་ཚ་འཁྱུག་ལངས། མཁལ་རྐེད་ཡན་ལག་ཚིགས་མཚམས་སྐྲངས་ལ་གཟེར། ཁྱད་པར་དྲེག་གྲུམ་ཆུ་སེར་ནད་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།