དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྤོས་བཅུ་རྩི་བསྣན་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-02-25 08:42:49   |   976

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྤོས་བཅུ་རྩི་བསྣན།(སྤོས་ཁྱུང་བཅོ་ལྔ།)

སྤོས་དཀར་སྲང་གང་།  ཐལ་རྡོར་ཞོ་བརྒྱད།  སོ་ར་ཞོ་བརྒྱད།  རུ་རྟ་སྲང་གང་།  བ་ཤ་ཀ་ཞོ་བདུན་སྐར་ལྔ།  ཨ་རུ་སྲང་གང་ཞོ་ལྔ།  བ་རུ་སྲང་གང་།  སྐྱུ་རུ་སྲང་གང་ཞོ་དོ།  སླེ་ཏྲེས་སྲང་གང་།  བྲག་ཁཎ་ཞོ་ལྔ།  ཤུ་དག་ཞོ་བརྒྱད།  སྟོད་ཇ་དཀར་པོ་ཞོ་ལྔ།  གུལ་ནག་ཞོ་བཞི།  སྨན་ཆེན་ཞོ་ལྔ།  གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

སྤོས་བཅུ་རྩི་བསྣན་བཟི་འབྲིང་བསིལ་དྲོད་སྙོམས།  དྭངས་མ་གནས་སུ་མ་སྨིན་ཆུ་སེར་རྒྱས།  ཤ་རུས་རྩ་རྒྱུས་ལ་བབས་གྲུམ་བུའི་ནད།  ཤ་ལྤགས་སྐྲངས་ལ་ཟ་ཕྲུག་ཐོར་བ་དོན།  ཡང་ན་ངེས་མེད་སྒོར་ཙམ་ལེབ་མོར་སྐྲངས།  ཚ་འཁྱུག་ཆེ་ལ་ཤ་མདོག་འགྱུར་བ་དང་།  པོས་མོ་ལ་སོགས་ཚིགས་རྣམས་སྐྲངས་པ་འཇོམས།  གཞན་ཡང་དྲེག་གྲུམ་གཉན་དང་བསྡོངས་པ་སོགས།  གཉན་གཟེར་ཚ་ཤར་ཚ་འཁྱུག་འཇོམས་པར་བྱེད།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།