དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པད་རག་བཅུ་གསུམ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-03-06 10:55:27   |   1313

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


པད་རག་བཅུ་གསུམ།

ཧ་ལོ་མེ་ཏོག་སྲང་གང་ཞོ་ལྔ། གུར་གུམ་སྲང་གང་ཞོ་གསུམ། སུག་སྨེལ་ཞོ་ལྔ། སྐྱུ་རུ་སྲང་གང་ཞོ་བརྒྱད། ཞུ་མཁན་སྲང་གང་ཞོ་དོ། རྒྱ་ཚོས་སྲང་གང་ཞོ་དོ། བཙོད་སྲང་གང་ཞོ་དོ། ཤུག་ཚེར་ཁཎྜ་ཞོ་ལྔ། བྲག་ཁཎ་ཞོ་ལྔ། མཁལ་ཞོ་དཀར་པོ་ཞོ་བདུན། སྐྱེར་ཤུན་སྲང་གང་ཞོ་ལྔ། གཟེ་མ་སྲང་གང་ཞོ་གསུམ། དོམ་མཁྲིས་སྐར་ཕྱེད་གཉིས་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

པད་རག་བཅུ་གསུམ་བཟི་མེད་ཅུང་ཟད་བསིལ། མཁལ་འགྲམས་ནད་ཀྱིས་སྐེད་པ་འཁོར་ཞིང་ན། བརླ་དང་བྱིན་སུལ་ཉ་སྦྲིད་རྐང་བཤལ་སོགས། མཁལ་གྲང་གཅིན་སྙི་གྲང་འཛག་ཆུ་ཁ་ཚ། མཁལ་འགྲམས་ནད་ཀྱིས་གྲང་ཁྲག་འཛགས་པ་གཅོད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།