དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྤྲིན་བྲལ་ཟླ་ཟེར་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-03-10 10:24:34   |   1818

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྤྲིན་བྲལ་ཟླ་ཟེར།

མ་ནུ་སྲང་གང་། སླེ་ཏྲེས་སྲང་གང་། ཀཎྜ་ཀ་རི་སྲང་གང་ཞོ་ལྔ། སྒ་སྐྱ་ཞོ་གསུམ། ཏིག་ཏ་སྲང་གང་། བ་ཤ་ཀ་སྲང་གང་། ཙན་དན་དཀར་པོ་ཞོ་བརྒྱད། གི་ཝང་སྐར་གཅིག ཅུ་གང་སྲང་གང་། གུར་གུམ་སྲང་གང་། ཧོང་ལེན་སྲང་གང་། བོང་དཀར་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སྤྲིན་བྲལ་ཟླ་ཟེར་བཟི་མེད་ནུས་པ་བསིལ། དོན་སྣོད་ཁྲག་མཁྲིས་རྒྱས་དང་འཁྲུགས་རིམས་སོགས། ཚ་བ་གསར་རྙིང་མ་ལུས་སེལ་བར་ནུས། ཀ་ར་དཀར་པོས་རྟ་བྱས་ཕུལ་ལ་་གཏོང་། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།