དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཕྲུལ་ཐང་རིལ་བུའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-03-13 15:07:49   |   1529

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


འཕྲུལ་ཐང་རིལ་བུ། 

མ་ནུ་སྲང་གང་། ཀཎྜ་ཀ་རི་སྲང་བཞི་ཞོ་ལྔ། སླེ་ཏྲེས་སྲང་དོ་ཞོ་ལྔ། སྒ་སྐྱ་སྲང་གང་། ཨ་རུ་སྲང་གང་ཞོ་བརྒྱད། བ་རུ་སྲང་གང་། སྐྱུ་རུ་སྲང་དོ། ལུག་མུར་སྲང་གསུམ། མ་ནུའི་ཁཎྜ་སྲང་གང་ཞོ་ལྔ་བཅས་གཙང་བཟོས་ཧྲོབ་བརྡུང་རིལ་བུ་སྒྲིལ་རྒྱུ།

ཕན་ནུས།

འཕྲུལ་ཐང་རིལ་བུ་བཟི་མེད་བསིལ་འབྲིང་འདིས། གསུམ་གཉིས་བསྡུས་ཏེ་དྭངས་མ་བཏང་བར་བྱ། རིམས་དང་ཚ་བ་མ་སྨིན་གྲང་ཤུམ་བྱེད། མགོ་རྐང་ཚིགས་གཞི་ན་ནས་ལུས་རྣམས་རྩི། ཤེས་པ་ཉོབ་སྟེ་ཁ་ཁ་མགོ་བོ་ན། དང་ག་འགག་དང་རྨི་ལམ་ཟ་ཟི་མང་། རིམས་ཚད་གཉན་སོགས་སྨིན་སྡུད་འབྱེད་པར་བྱེད། གཞན་ཡང་རླུང་ཁྲག་སྟོད་འཚངས་རྒྱབ་མདུན་གཟེར། རླུང་ཚད་འཐབ་ནས་ཁ་ལྕེ་སྐམ་པ་དང་། གྲེ་བ་ཚ་ལ་སྐད་འཛེར་མིད་པ་སྐམ། གློ་མང་བྲང་བསྡམས་ཁྲག་འཁྲུགས་བཅས་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར། 


མཉམ་སྤྱོད།