དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕུར་ནག་བཞི་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-03-14 08:40:02   |   465

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཕུར་ནག་བཞི་པ།

ཕུར་ནག་ཁཎྜ་སྲང་ལྔ། ཤུ་དག་ནག་པོ་སྲང་བཞི། གུལ་ནག་སྲང་བཞི། གླ་རྩི་སྐར་ལྔ་བཅས་གཙང་བཟོས་ཧྲོབ་བརྡུང་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཕུར་ནག་བཞི་པ་བཟི་མེད་བསིལ་བ་འདིས། གཉན་རིམས་སྤྱི་དང་དུག་གླང་ཞི་བྱེད་མཆོག དེའི་སྟེང་སྟག་ཤ་ཕག་ཐལ་རྒྱ་སྐྱེགས་བཙོད། སྲང་གསུམ་རེ་བསྣན་ཐང་བྱས་བསྐོལ་གྲང་འཐུང་། གཉན་རིམས་ཚད་པ་སྟོབས་ཆེན་ཐོག་མ་ལ། སྨན་འདི་བཏང་བས་སྡུད་གསོད་དུས་གཅིག་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།