དེ་རིང་ནི2025ལོའི་ཟླ06པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱུར་དམར་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-04-15 11:16:42   |   639

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


བྱུར་དམར་ཉེར་ལྔ།

བྱུ་རུ་ཞོ་བདུན་སྐར་ལྔ། མུ་ཏིག་ཞོ་གང་སྐར་ལྔ། མུ་མེན་ཞོ་དོ། ཉ་ཕྱིས་ཞོ་ལྔ། ཨ་རུ་སྲང་གང་། རུ་རྟ་ཞོ་དྲུག གུར་གུམ་ཞོ་བརྒྱད། ལི་ཤི་ཞོ་གསུམ་སྐར་ལྔ། ཛཱ་ཏི་ཞོ་གསུམ། ཨར་ནག་ཞོ་བདུན། ཅོག་ལ་ཞོ་གསུམ། འབྲུག་རུས་ཞོ་བཞི། གངས་ཐིགས་ཞོ་དོ་སྐར་ལྔ། རྡོ་ཀླད་ཞོ་དོ་སྐར་ལྔ། རྡོ་ཁབ་ལེན་ཞོ་དོ་སྐར་ལྔ། སིནྡྷུ་ར་ཞོ་དོ་སྐར་ལྔ། ཏིལ་དཀར་ཞོ་བཞི། ཀ་པེད་ཞོ་གསུམ། མེ་ཏོག་ལུག་མིག་ཞོ་བཞི་སྐར་ལྔ། རྒྱ་ཏིག་ཞོ་བརྒྱད། ཤུ་དག་ཞོ་ལྔ། སྨན་ཆེན་ཞོ་བཞི་སྐར་ལྔ། གཟེར་འཇོམས་མེ་ཏོག་ཞོ་བདུན་སྐར་ལྔ། ཁ་གུར་ཞོ་དོ་སྐར་ལྔ། གླ་རྩི་སྐར་གཉིས་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

བྱུར་དམར་ཉེར་ལྔ་བཟི་འབྲིང་བསིལ་བ་འདིས། ཚད་པ་རྙིང་པ་རྩ་ལ་བབས་པ་འམ། མཚོན་གྱིས་བཅད་བརྡུང་རླུང་ཁྲག་འཁྲུགས་པས་ན། ཀླད་རྩ་ཉམས་པའི་བརྒྱལ་འཐིབ་དགྱེ་དགུ་དཀའ། མགོ་འཁོར་ཀླད་གཟེར་གཉའ་རེངས་ཁ་མིག་ཡོ། ཡན་ལག་འདར་རམ་སྦྲིད་དམ་དྲུད་དགོས་པ། ཞ་རིལ་རེངས་འཁུམས་གཞོགས་ཕྱེད་ཚོར་བ་ཉམས། གཞན་ཡང་རྩ་ཚད་ཁྲག་ཚད་ཡ་མ་སོ། སྲོག་རྩ་ལས་བྱུང་རྩ་ནག་གྱེན་འཕྱུར་དང་། ཀླད་པ་ལས་བྱུང་རྩ་དཀར་ཐུར་རྒྱུག་པའི། རྩ་རྒྱུས་གསོ་དཀའི་ནད་ལ་མཆོག་ཏུ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།