དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཅིན་རྒྱུ་ངོ་མ་དང་རྫུན་མའི་ཁྱད་པར་འབྱེད་ཐབས།

2025-04-15 14:52:22   |   347

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

གཅིག མིག་གིས་ཕྱིའི་རྣམ་པ་ལ་ལྟ་བ་སྟེ། གཅིན་རྒྱུ་ངོ་མ་ཡིན་ན། སྤྱིར་བཏང་དུ་མདོག་མེད་ཅིང་དྭངས་གསལ་ཕྱེད་ཙམ་གྱི་རིལ་བུའི་དབྱིབས་ཡིན་པ་དང་། ཕྱི་ངོས་འཇམ་ཡུག་སེ་ཡོད་པའི་ཐོག་ལ། ལྡོག་འོད་འཕྲོ་བའི་སྣང་ཚུལ་མེད། གལ་ཏེ། གཅིན་རྒྱུའི་རིལ་བུ་ལ་འོད་ལྡན་པ་དང་ལྡོག་འོད་འཕྲོ་བ་ཡིན་ཚེ། ཕལ་ཆེ་བ་ནི་གཅིན་རྒྱུ་རྫུན་མ་ཡིན་སྲིད།

གཉིས། ལག་པས་རེག་ནས་ལྟ་བ་སྟེ། གཅིན་རྒྱུ་ངོ་མའི་རིལ་བུ་ནི་ཆེ་ཆུང་འདྲ་ཞིང་། བཞུར་འགྲོའི་རང་བཞིན་ཆེ་བ་དང་། སྤར་མོས་བསྡམས་ན་རྡོག་པོ་མི་ཆགས། གཞན་ད་དུང་ལག་ཏུ་བཟུང་ན་ཡང་ཞིང་རེག་ཚོར་བདེ་པོའང་ཡིན། གཅིན་རྒྱུ་རྫུན་མ་ཡིན་ཚེ། རིལ་བུའི་ཆེ་ཆུང་མི་འདྲ་ཞིང་། ལག་ཏུ་བླངས་ན་ཅུང་ལྕི་བའི་ཚོར་བ་ཡོད།

གསུམ། མེས་བསྲེགས་ནས་ལྟ་བ་སྟེ། གཅིན་རྒྱུའི་རིལ་བུ་མེ་སོན་སྟེང་ངམ་ཡང་ན་ངར་ཡོད་པའི་ལྕགས་ལེབ་ཐོག་ཏུ་བཞག་ན། གཅིན་རྒྱུ་ངོ་མ་ཡིན་ཚེ། འཕྲལ་མར་ཞུ་བའི་མཉམ་དུ། དུ་བ་དཀར་པོ་འབྱུང་བ་དང་། སྣ་བས་དངོས་རྫས་ཨན་གྱི་དྲི་སྣོམ་ཐུབ་པ་ཡིན། གལ་ཏེ། ཞུ་བའི་འགྲོས་ཚད་དལ་བའམ་ཡང་ན་ཞུ་བའི་གོ་རིམ་ནང་དུ་དྲག་པོར་འབར་བ་དང་། ཐ་ན“ཚག་ཚག”གི་སྒྲ་གྲག་ཚེ། ཕལ་ཆེ་བ་ནི་གཅིན་རྒྱུ་རྫུན་མ་ཡིན།


མཉམ་སྤྱོད།