དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱང་པ་སོ་བདུན་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-04-16 08:34:21   |   309

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


བྱང་པ་སོ་བདུན།

བྱང་པ་ཞོ་བཞི། གུར་གུམ་ཞོ་བརྒྱད། རྒུ་དྲུས་ཞོ་གསུམ། སུག་སྨེལ་ཞོ་གཉིས། ཙན་དཀར་ཞོ་བཞི། ཙན་དམར་ཞོ་ལྔ། ཨ་གར་གཉིས་ཞོ་བདུན་སྐར་ལྔ། ཨ་རུ་ཞོ་བརྒྱད། བ་རུ་ཞོ་ལྔ། སྐྱུ་རུ་ཞོ་བདུན། ལི་ཤི་ཞོ་གཉིས་སྐར་ལྔ། བཙོད་ཞོ་གསུམ་སྐར་ལྔ། རེ་སྐོན་ཞོ་གསུམ། ག་དུར་ཞོ་གསུམ། མཁན་ཆུང་གསེར་མགོ་ཞོ་གསུམ། སྔོ་རྟག་ངུ་ཞོ་དྲུག སེ་འབྲུ་ཞོ་བཞི། པི་ལིང་ཞོ་གཉིས། རྒྱ་ཚྭ་ཞོ་གཅིག་སྐར་ལྔ། གསེར་བྱེ་ཞོ་གཅིག་སྐར་ལྔ། སྤོས་དཀར་ཞོ་གསུམ། སིནྡྷུ་ར་ཞོ་དོ། ཧ་ཤིག་ཞོ་དོ། ཁབ་ལེན་ཞོ་དོ། ཅོང་ཞི་ཞོ་གསུམ། བྱུ་རུ་ཞོ་གསུམ་སྐར་ལྔ། ཉ་ཕྱིས་ཞོ་གསུམ་སྐར་ལྔ། མུ་མེན་ཞོ་དོ། ཅོག་ལ་ཞོ་དོ་སྐར་ལྔ། བྲག་ཁཎ་ཞོ་གསུམ། ཤིང་མངར་ཞོ་ལྔ། ཤ་རུ་ཞོ་དོ།  ཤུ་དག་ཞོ་གསུམ། ཤིང་ཏོག་ཁ་སུར་ཞོ་གསུམ་སྐར་ལྔ། ཁ་གུར་ཞོ་དོ་སྐར་ལྔ། དོམ་མཁྲིས་སྐར་ཕྱེད་གཉིས། གི་ཝང་སྐར་གཅིག གླ་རྩི་སྐར་ཕྱེད་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

བྱང་པ་སོ་བདུན་བསིལ་དྲོད་སྙོམས་པ་ཡིས། རྩ་ལ་རླུང་ཞུགས་ཁྲག་རྩའི་རྒྱུ་བ་འགག ཡན་ལག་རེངས་འཁུམས་རྩ་རྒྱུས་བྱ་བ་ཉམས། རྩ་གྲིབ་རྐྱེན་གྱིས་ལུས་པོ་སྦྲིད་པ་དང་། དུག་དང་རྨ་ནད་རྩ་དཀར་ནད་རིགས་སེལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།