དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འབམ་བྱུགས་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-04-17 08:30:32   |   590

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


འབམ་བྱུགས།(བྱུགས་པ་བྱ་ཁྱུང་སྔོན་པོ།)

ཨ་རུ་སྲང་གསུམ། བ་རུ་སྲང་དོ། སྐྱུ་རུ་སྲང་དོ་ཞོ་ལྔ། སྟག་ཤ་སྲང་གང་། ཆུ་རྩ་སྲང་དོ། སླེ་ཏེས་སྲང་གང་ཞོ་ལྔ། གུལ་ནག་སྲང་གང་། སྨན་ཆེན་སྲང་གང་། གླ་རྩི་སྐར་ཕྱེད་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་མ་བཟོས་ཏེ་བག་ཕྱེ་དང་སྦྱར་ནས་བྱུགས་དགོས།

ཕན་ནུས།

འབམ་བྱུགས་བསིལ་ལ་དུག་ཤས་ཆེ་བ་ཡིས། དྲེག་གྲུམ་རྐང་འབམ་ཆུ་སེར་ཚ་བབས་དང་། ཤུ་ཐོར་གཉན་རྒྱས་སྐྲངས་སྦོས་ཚ་འཁྱུག་འཇོམས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།