དེ་རིང་ནི2025ལོའི་ཟླ04པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འབའ་སམ་སྨན་མར་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-04-21 14:27:34   |   239

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


འབའ་སམ་སྨན་མར།

ཨ་རུ་སྲང་གང་། སྔོ་རྟག་ངུ་སྲང་གང་ཞོ་ལྔ། བ་རུ་ཞོ་བདུན་སྐར་ལྔ། སྐྱུ་རུ་ཞོ་བརྒྱད། ར་མཉེ་ཞོ་ལྔ། ཉེ་ཤིང་ཞོ་ལྔ་སྐར་ལྔ། ལྕ་བ་ཞོ་ལྔ་སྐར་ལྔ། བ་སྤྲུ་ཞོ་ལྔ། གཟེ་མ་ཞོ་ལྔ་སྐར་ལྔ་བཅས་ཧྲོབ་ཙམ་བརྡུངས་ནས་སྨན་བྲེ་གང་ཙམ་ལ། ཆུ་བྲེ་གསུམ། འོ་མ་བྲེ་བཞི། མར་ཉག་བཞི་བཅས། ཆུ་འོ་མ་ལ་གདུ། འོ་མ་མར་ལ་གདུས་ཏེ་ཚོས་པ་དང་མ་འདྲེག་པ་སོགས་སྨན་མར་ནང་བཞིན་བྱས་ཏེ་ཐེངས་རེ་ཞོ་རེ། ཉིན་རེར་ཐེངས་གཉིས་སམ་གཅིག་གང་རུང་བེད་སྤྱོད་བྱེད་དགོས།

ཕན་ནུས། 

འབའ་སམ་སྨན་མར་བསིལ་དྲོད་ཆ་སྙོམས་པས། སྟོད་སྨད་ཚ་གྲང་སྤྱིར་རྒྱུག་ནད་ཀུན་སེལ། ལྷག་པར་ཚད་མཇུག་ཆུ་སེར་ཁྲག་ངན་བསགས། དེ་དག་ཟུངས་ཁྲག་བསྒྱུར་བྱེད་རྩི་མཆོག་ཡིན། ལུས་གསོ་ནད་འགོག་སྟོབས་སྐྱེད་རླུང་ནད་སེལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།