དེ་རིང་ནི2025ལོའི་ཟླ05པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མོ་ནད་གཉེར་པོ་བཅོ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-05-15 09:49:44   |   41

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


མོ་ནད་གཉེར་པོ་བཅོ་བརྒྱད།

གུར་གུམ་སྲང་གང་ཞོ་ལྔ། ལི་ཤི་ཞོ་བཞི། རུ་རྟ་ཞོ་བརྒྱད། ཨ་རུ་སྲང་གང་ཞོ་ལྔ། བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་དོ་ཞོ་དོ། འཇམ་འབྲས་ཞོ་ལྔ། ཅོག་ལ་ཞོ་དོ། ཤ་རུ་ཧར་བསྲེག་ཞོ་དོ། ཙན་དམར་སྲང་གང་། བོང་དཀར་སྲང་གང་། བཙོད་སྲང་གང་། རྒྱ་ཚོས་སྲང་གང་། འབྲི་མོག་སྲང་གང་། ཞུ་མཁན་ཞོ་ལྔ། བྲག་ཞུན་ཁཎྜ་ཞོ་ལྔ། གི་ཝང་སྐར་བརྒྱད། གླ་རྩི་སྐར་བདུན་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

མོ་ནད་གཉེན་པོ་བཅོ་བརྒྱད་བཟི་མེད་བསིལ། མཁལ་རྐེད་བྱེར་འགྲམས་ཆུ་སྲི་སྐེད་པ་འཁོལ། དུག་རིགས་མཆིན་ཚད་མོ་ནད་ཁྲག་ཚབས་སོགས། རྩ་དཀར་ཁྲག་ནད་མཁལ་རྩ་བསྣད་འགྲམས་སེལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།