དེ་རིང་ནི2025ལོའི་ཟླ05པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མང་སྦྱོར་རིལ་བུའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-05-14 09:50:22   |   54

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


མང་སྦྱོར་རིལ་བུ།

བཙོ་ཐལ་ཞོ་ལྔ། ལྕགས་རྩི་སྲང་བཞི། ཅུ་གང་ཞོ་གསུམ། སྨྱུག་ཅུ་གང་ཞོ་གསུམ། ཛཱ་ཏི་ཞོ་གསུམ། ཀོ་ལ་ཞོ་དོ་སྐར་ལྔ། ལི་ཤི་ཞོ་གསུམ། བ་རུ་ཞོ་ལྔ། སྐྱུ་རུ་ཞོ་བརྒྱད། སུག་སྨེལ་ཞོ་གསུམ། རུ་རྟ་ཞོ་བཞི་སྐར་ལྔ། ཨ་འབྲས་ཞོ་གསུམ། སྲ་འབྲས་ཞོ་གསུམ། འཇམ་འབྲས་ཞོ་གསུམ། ཙན་དཀར་ཞོ་བཞི། ཅོག་ལ་ཞོ་དོ་སྐར་ལྔ། བསེ་རུ་དཀར་པོ་ཞོ་དོ་སྐར་ལྔ། གསེར་བྱེ་ཞོ་དོ་སྐར་ལྔ། སྡིག་སྲིན་ཞོ་གསུམ་སྐར་ལྔ། ལྕམ་འབྲུ་ཞོ་བཞི། དཔའ་དཀར་ཞོ་བཞི། བོང་དམར་ཞོ་བཞི། དཔའ་སེར་ཞོ་བཞི། སུ་མི་དམར་པོ་ཞོ་བཞི། ཀོ་བྱིལ་ཞོ་ལྔ། གོ་ཡུ་དཀར་པོ་ཞོ་གསུམ། རེ་རལ་ཞོ་བཞི་སྐར་ལྔ། བྲག་སྤོས་ཞོ་གསུམ་སྐར་ལྔ། བྲག་སྐྱ་ཧ་བོའི་མེ་ཏོག་ཞོ་བཞི། བ་ཤ་ཀ་ཞོ་གསུམ་སྐར་ལྔ། བོང་དཀར་ཞོ་བཞི། ཉ་རུས་ཞོ་གསུམ་སྐར་ལྔ། སྲམ་བྲུན་ཞོ་གསུམ་སྐར་ལྔ། བྲག་ཁཎ་ཞོ་ལྔ། གཡུ་ཞོ་གསུམ་སྐར་ལྔ། བྱུ་རུ་ཞོ་གསུམ་སྐར་ལྔ། མུ་མེན་ཞོ་གསུམ། མུ་ཏིག་ཞོ་གང་། ཉ་ཕྱི་ཞོ་དོ། ཆར་ཉུང་ཁཎྜ་སྲང་གང་། སྒ་སེར་ཞོ་བཞི། དོམ་མཁྲིས་སྐར་གསུམ། གི་ཝང་སྐར་བཞི། ཁ་གུར་ཞོ་གསུམ་སྐར་ལྔ། གླ་རྩི་སྐར་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

དུག་འཇོམས་མང་སྦྱོར་བཟི་མེད་ཅུང་ཟད་བསིལ། ཁ་ཟས་མ་འཕྲོད་མ་གོམས་དུས་མིན་ཟོས། མེ་དྲོད་མ་འཇུ་དྭངས་སྙིགས་རྩ་མིག་བྱེར། རླུང་མཁྲིས་བསྡོངས་པས་ཕོ་བ་རྩིབ་ལོགས་གཟེར། སྒྲེགས་ཤིང་ཕོ་བ་སྦོས་ལ་ལྟོ་འཇུ་དཀའ། མ་ཞུ་དུག་ཐབས་གླང་ཐབས་མཆིན་པའི་དུག ཤ་དུག་གྲེ་འགག་འཁྲུ་སྐྱུགས་བྱེད་ལ་སོགས། ཁྱད་པར་སྦྱར་དུག་གྱུར་དུག་དངོས་དུག་དང་། མཐོང་བའི་དུག་དང་ཁ་རླངས་ཉི་ཟེར་དུག རེག་དུག་ལ་སོགས་དུག་རིགས་ཀུན་འཇོམས་ཤིང་། གབ་ཚད་ཚད་རྙིང་གཏིང་འདོན་བྱེད་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།